R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥ན
[A:༡༡༥ན] མགོན་པོའི་སྐུ་བྱིན་རླབས་ཅན་ཞིག་འབུལ་བར་མཛད་དེ། ཕྱག་ཐུགས་ཀར་ཐལ་མོ་སྦྱར་ནས། ཁྱེད་རང་ཆོས་སྐྱོང་གི་བདག་པོ། ཆོས་སྐྱོང་གིས་བཀའ་བཞིན་བསྒྲུབ་པ་ལ་ཁོ་བོ་ཡིད་གཉིས་དང་བྲལ་བའི་དད་པ་སྐྱེས་སོ། །ཞེས་གསུངས་ཤིང་། མཁན་ཆེན་རིན་པོ་ཆེ་ཡང་ཐུན་མོང་མ་ཡིན་པའི་ཐུགས་དད་ལྷག་པར་སྐྱེས་པར་གྱུར་ལ། སྐབས་དེར་བཀྲ་ཤིས་རྩེའི་མཆོད་ཡོན་རྣམས་ཀྱི་སྐུ་རིམ་དུ་རྗེ་ཉིད་ཀྱིས་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་ཅིག་གནང་བའི་ཚེ། སྒྲུབ་ཁང་དུ་ཡང་ལས་སྦྱོར་གྱི་རྟགས་མང་དུ་བྱུང་ཞིང་། ལྷག་པར་གཏོར་མ་འཕང་པར་མཛད་པའི་ནུབ་མོ། བསྐུལ་རྣམས་མཛད་ཅིང་ཕྱིར་ཕེབས་པ་ན། ནམ་མཁའ་གཞན་རྣམས་ཤིན་ཏུ་དྭངས་པ་ལ། རྗེ་ཉིད་གང་དུ་བཞུགས་པའི་དབུ་ཐོག་ཏུ་སྤྲིན་ནག་གྲུ་གསུམ་འཇིགས་ངམ་ཅན་ཞིག་འབྲལ་མེད་དུ་ཡོང་བ་དེར་ཡོད་སྐྱེ་བོ་ཀུན་གྱིས་མཐོང་ཞིང་། གང་ཟག་ལས་དག་པ་འགའ་རེའི་མཐོང་སྣང་ལ། སྤྲིན་ནག་