R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༤བ
[A:༡༡༤བ]བདག་གིས་མ་ཐོབ་ཅེས་ཞུས་པས། དེའི་ནངས་པར་རྗེ་མཁན་ཆེན་ཉིད་ཀྱི་གསན་ཡིག་བྱ་རོག་གཉིས་ཀྱིས་ཁྱེར་ནས། བདག་ཉིད་ཆེན་པོའི་སྐུ་པང་དུ་བསྐྱུར་བྱུང་བ་ལ་གཟིགས་པས། གསང་ཁྲིད་ཀྱང་གསན་འདུག་པ་དགོངས་མཚམས། མཁན་ཆེན་རིན་པོ་ཆེ་གཞོན་ནུ་བློ་གྲོས་པ་དཔོན་སློབ་རྣམས་གསན་ཡིག་སྟོར་བས་ཐམས་ཅད་ཙབ་ཙོབ་ཏུ་གྱུར་པ་ན། ཉིད་ཀྱི་གསུང་ལས། མགོན་པོའི་གསང་ཁྲིད་དེ་བདག་ལ་གནང་ན། གསན་ཡིག་དེ་ཆོས་སྐྱོང་ཚོས་བདག་ལ་གནང་བྱུང་བས་འབུལ་རྒྱུ་ཡོད་ཅེས་བཞད་མོ་དང་བཅས་སྔར་གྱི་ལོ་རྒྱུས་རྣམས་ཞུས་ཤིང་། མཁན་ཆེན་རིན་པོ་ཆེའི་ཕྱག་ཏུ་གསན་ཡིག་འབུལ་བ་གནང་བས། རྗེ་གཞོན་ནུ་བློ་གྲོས་པའི་གསུང་གིས། ཁྱེད་རང་ཆོས་སྐྱོང་བྲན་དུ་འཁོལ་ངེས་སུ་འདུག་པ། འཚུབ་བྱ་སོགས་མི་ཡོང་བ་ཡིད་ཆེས་པས། ད་ནི་དོ་ནུབ་རང་ནས་གསང་ཁྲིད་འབུལ་བ་ཡིན་ནོ་གསུངས་ཏེ། དེ་དགོང་ནས་ཆོས་ཐུན་ཚུགས་པར་མཛད་དེ། གསང་ཁྲིད་སོགས་ཟབ་ཆོས་རྣམས་ལྷག་ལུས་མེད་པར་སྩལ་ཅིང་།