R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣ན
[A:༡༡༣ན]པར་གནང་བར་བརྟེན། སྔར་གྱི་ལུང་བསྟན་ལ། འདོད་དོན་རྟ་ལུག་མཚམས་སུ་འགྲུབ། །ཅེས་པ་དེ་མངོན་དུ་གྱུར་ཏེ། ལོ་དེ་གཉིས་ཀྱི་མཚམས་སུ་བདག་ཉིད་ཆེན་པོ་དགེ་སྡིང་ཆོས་ཀྱི་ཕོ་བྲང་ན་བཞུགས་པའི་སྐབས་རྟེན་རྡོ་ཡ་མཚན་ཅན་དེ་ཕྱག་ཏུ་འབྱོར་བ་ན། ཐུགས་དགྱེས་སྤྲོ་དཔག་ཏུ་མེད་པ་དང་བཅས་མཆོད་གཏོར་རྒྱ་ཆེན་པོ་བཤམ་པར་མཛད་ནས་གཏོར་འབུལ་བསྐང་གསོ་རྒྱས་པར་གནང་ཞིང་། རྟེན་རྡོ་ལ་སྐུ་ཁྲུས་གསོལ་བ་ན། རྡོ་མདོག་བྱིན་རྣམས་ཁ་དོག་སྨུག་པོ་ལ། ལོགས་ཤིག་ལ་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་དང་། ལོགས་གཞན་རྣམས་ལ་ཡུམ་ཆེན་བཞིའི་སྔགས་རྣམས་རྡོ་མདོག་བྱིན་པས་དམར་བ་ཞིག་གི་རང་བྱོན་དུ་གསལ་བ། དེ་ཡང་དྲི་བཟང་གི་ཆུ་དང་འཕྲད་ན་རང་བྱོན་རྣམས་ཆེས་ཆེར་གསལ་བར་འགྱུར་ཞིང་། རྒྱུན་པར་ཅུང་མི་གསལ་བའི་ཚུལ་གྱིས་མིག་ཡོད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་རྟེན་རྡོ་ཁྱད་འཕགས་དེ་ཉིད་རེ་ཞིག་དགེ་