R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢བ
[A:༡༡༢བ]མཚར་ཅན་དེ་མངོན་དུ་གྱུར་པའི་ཚུལ་ནི། བསྟན་པའི་སྦྱིན་བདག་རྣམ་རྒྱལ་རབ་བརྟན་པས་རྗེ་ཉིད་དཔོན་སློབ་རྣམས་སྤྱན་དྲངས་པ་ན། ཁོང་ཚོའི་ཆ་ཞབས་བླ་མ་རྔོག་པའི་དགོན་རྙིང་ཆོས་འཁོར་གླིང་ཞེས་བྱ་བ་དེར། དགོན་སྨད་སློབ་དཔོན་པར་གྲགས་པའི་གང་ཟག་དེས། སྙེ་ཐང་ན་བླ་མ་གཉན་ལོ་ཙཱ་བའི་ཐུགས་དམ་རྟེན་རྡོ་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་སོགས་རང་བྱོན་ཁྱད་པར་ཅན་མང་དུ་ཡོད་པའི་རྟེན་རྡོ་ངོ་མཚར་ཅན་དེ་བཞིན་ཡོད་པའི་གནས་ཚུལ་སྙན་དུ་ཕུལ་བྱུང་བ་ན། རྗེ་ཉིད་ཀྱི་ཐུགས་ལ་སྔར་སྲིད་གསུམ་དྲག་པོ་དཔལ་འབར་དུ་བཞུགས་དུས་ཀྱི་ལུང་བསྟན་དེ་དུས་ལ་བབ་པར་དགོངས་ནས། དེ་འཕྲལ་རྟེན་རྡོ་སྤྱན་འདྲེན་པའི་ཕོ་ཉ་གནང་བའི་ཚེ། སྙེ་ཐང་གསེར་ཁང་པས་རྟེན་རྡོ་འབུལ་དུ་མ་འདོད་པ་ལ། སླར་གཞིས་ཀ་ཆེན་པོ་བསམ་འགྲུབ་རྩེ་ནས། རྗེ་འདི་ཉིད་ཀྱི་བཀའ་བཞིན་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་གཟིམ་ཆུང་པ་ལྷ་དབང་ཟེར་བ་ཞིག་དོ་དམ་