R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢ན
[A:༡༡༢ན]ཤིག་མནལ་ལམ་གྱི་ཚུལ་དུ་བྲམ་ཟེའི་གཟུགས་ཅན་ཞིག་བྱུང་ནས། འདི་སྐད་དུ། ཆོས་ཀྱི་མིང་ལྡན་དགོན་པ་རུ། །དགོན་གྱི་མིང་ཅན་གང་ཟག་གིས། །སྙེ་ཐང་ཞེས་པའི་གནས་མཆོག་ན། །གཉན་ལོ་ཆེན་པོའི་ཐུགས་དམ་གྱི། །ཙ་ཏུརྨུ་ཁའི་སྐུ་བརྙན་མཆོག །དབང་གི་མིང་ཅན་སྐྱེ་བོ་ལ། །བསྒོས་ཏེ་ཕོ་ཉར་མངགས་པ་ན། །འདོད་དོན་རྟ་ལུག་མཚམས་སུ་འགྲུབ། །ཅེས་པའི་ལུང་བསྟན་ཞིག་སྨྲས་བྱུང་བས་མནལ་སད་པ་ན། བྲམ་ཟེའི་གཟུགས་ཅན་ཡང་དེ་ཀར་དར་ཙམ་ཞིག་འདུག་སྟེ། ཕྱག་གཡོག་ཅིག་ཞབས་དྲུང་དུ་བྱུང་བའི་རྐྱེན་བྱས་ལས་སོང་བའི་ཚེ། རྗེ་ཉིད་ཀྱི་ཐུགས་ལ་ལུང་བསྟན་དེ་ཡ་མཚན་ཆེ་དགོངས་ནས། དེའི་ཚུལ་རྣམས་ཉིད་ཀྱི་ཞབས་འབྲིང་བ་ཆེན་པོ་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ལ་སྒྲིབ་མེད་དུ་གསུངས་ཤིང་། དེ་ནས་ཡུན་རིང་མ་ལོན་པར་དབུས་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་སྐབས། སྔར་གྱི་ལུང་བསྟན་ངོ་