R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠བ
[A:༡༡༠བ]འགྲན་བྲལ་གྱི་སྐྱེས་བུ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཆོས་དང་རིགས་ལས་འཁྲུངས་པའི་ཐུགས་སྲས་ཀུན་གྱི་གཙུག་རྒྱན། བདག་ཅག་གི་འདྲེན་པ་དམ་པ་རིགས་ལྡན་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ཞལ་རྣམ་པ་གཉིས་ཀྱི་ངོ་མཚར་བའི་རྣམ་ཐར་རྒྱས་པ་ནི་ཁོ་བོས་ལོགས་སུ་བྱས་པ་ལས་རྟོགས་པར་བྱ་ཞིང་། འདིར་སྐབས་སུ་བབས་པ་ས་སྐྱ་པའི་བཀའ་སྲུང་དབང་པོ་རྣམས་ལ་མངའ་བརྙེས་པའི་ཚུལ་ཅུང་ཟད་ཙམ་སྤེལ་ན། དེ་ཡང་གཅེན་འཇམ་པའི་དབྱངས་བསོད་ནམས་དབང་པོ་ནི། ཡུམ་གྱི་མངལ་དུ་བྱོན་པ་ཙམ་ནས་བཟུང་། བསྟན་སྲུང་རྣམས་འབྲལ་མེད་དུ་འཁོར་བ་ཞིག་སྟེ། དེ་དུས་ཡུམ་ལ་ཉིན་མཚན་ཀུན་ཏུ་ཆོས་སྐྱོང་གུར་ཞལ་གཉིས་འབྲལ་མེད་དུ་གནས་པ་ཡིན་སྙམ་པའི་འཇིགས་ངམ་ངམ་པ་དང་། དགའ་ཡལ་ལེ་བ་རྒྱུན་དུ་བྱུང་བར་གྲགས་པ་ཐོས་ཤིང་། བལྟམས་ནས་ཀྱང་སྐུ་ན་ཤིན་ཏུ་ཕྲ་བའི་དུས་སུ་ཞབས་སྐྱིལ་ཀྲུང་དང་། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་བཞུགས་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོས་