R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠ན
[A:༡༡༠ན]བ་སྟེ། །དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་གསུངས་པ་དང་། མདོ་ལས་ཀྱང་། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་བ་ལྔ་བརྒྱའི་སྲོག་བསྐྱབས་པའི་ཕྱིར་དུ། མི་ནག་མདུང་ཐུང་ཅན་ལ་ཁོ་རང་གི་ལག་གི་མདུང་བསྣུན་ཏེ་བསད་པ་ལྟ་བུ་དང་། བོད་ཀྱི་བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་དེར་ལྷ་ལུང་དཔལ་གྱི་རྡོ་རྗེས། རྒྱལ་པོ་སྡིག་ཅན་མཚོན་བསྣུན་ནས་བསད་པ་སོགས་མདོར་ན་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་བདུད་རིགས་གདུག་ཅན་རྣམས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསྒྲལ་ཏེ་མི་དགེ་བ་སྤྱོད་པའི་རྒྱུན་དང་། མ་འོངས་པ་ངན་སོང་གི་སྲིད་པར་སྐྱེ་བ་ལེན་པའི་ལས་རྒྱུན་གཉིས་དུས་གཅིག་ཏུ་བཅད་དེ་མཐོ་རིས་དང་ཐར་པའི་གནས་སུ་འདྲེན་པར་མཛད་པ་འདི་ནི་གཞན་ལས་ངོ་མཚར་མཆོག་ཏུ་གྱུར་པའི་རྣམ་པར་ཐར་པ་ཡིན་གྱི། དེ་ལྟ་བུ་བསྒྲུབ་པའི་ནུས་པ་དང་མི་ལྡན་པ་རྣམས་ནི་དེ་དག་མོས་པ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་བུའི་