R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡ན
[A:༡༡༡ན]གཟིགས་ནས། བྱིས་པ་འདིའི་སྡོད་ལུགས་ཀྱི་འདུག་སྟངས་འདི་བཞིན། འཇམ་དབྱངས་ཡིན་ཟེར་བར་འདུག ཁྱེད་རྣམས་ཀྱིས་གཙང་སྦྲ་དང་བཅའ་གས་ཐོན་པར་གྱིས་ཞེས་ཕྱག་ཕྱི་བ་དག་ལ་གསུངས་པ་དང་། སྐུ་ཙོག་ལ་བཞུགས་ཐུབ་པ་ཙམ་གྱི་སྐབས་སུ་སྐུ་དྲུང་ན་སུ་ཡང་མེད་པའི་སྐབས་ཤིག་གི་ཚེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཕེབས་ནས་ཞབས་འབྲིང་པ་རྣམས་ལ། ཁྱེད་རྣམས་བུ་ཚ་ལ་བཅའ་ག་ཆེར་མི་བྱེད་འདུག་ནའང་། འདི་རང་ལ་གྲོགས་གྲུལ་བཏུབ་གཅིག་སླེབས་འདུག་ཅེས་གསུངས་པ་ལ། ཞབས་འབྲིང་བ་རྣམས་ཀྱིས་གྲོགས་དེ་ཉིད་སུ་ལགས་ཞུས་པ་ན། སྔགས་འཆང་ཉིད་ཀྱི་གསུང་གིས། དེ་པུ་ཏྲ་ཡིན་པ་འདུག་ཅེས་གསུངས་པར་གྲགས་པ་ལ་སོགས་པ་མདོར་ན་གཞོན་ནུའི་དུས་འདི་ནས་དམ་ཅན་པུ་ཏྲ་ཆེན་པོ་འབྲལ་བ་མེད་པའི་ཚུལ་གྱིས་འཕྲིན་ལས་རྒྱ་ཆེན་པོ་བསྒྲུབས་པ་ཡིན་ནོ་ཞེས་ཐོས་ལ། ཡང་རྡོ་རྗེ་ནག་པོ་ཆེན་པོ་ཞལ་གཟིགས་པའི་ཚུལ་ནི། རྗེ་