R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦བ
[A:༡༠༦བ]དེ་ཉིད་ཀྱི་ཚེ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་གདན་ས་ཆེན་པོར་མ་བཞུགས་པའི་སྐབས་ཤིག་ཡིན་པ་ལ་བརྟེན་ནས། ལྷ་ཁང་ཆེན་མོ་ཉིད་ན་རྒྱལ་ཡུམ་སྐུ་མཆེད་ཀྱི་ཕྱག་ཕྱིར་གདོང་དགའ་བ་དཔོན་ས་དཔོན་དུ་གྲགས་པ་ཡོད་པས། བྱང་ཞེན་བྱས་ནས་ལྷ་ས་རྫོང་པའི་རྒྱབ་ཏུ་བྱང་དཔུང་ཅོ་རིར་ཡོད་པ་ལ་མི་བཏང་བ་སོགས་ཀྱི་དབང་ལས་རྒྱལ་རྩེ་ནས་དཔུང་ཆེན་གྱིས་ལྷ་ས་རྫོང་ལ་ཧོད་འཚངས་གནང་མ་བདེ་བའི་ཚེ། སྡེ་སྲིད་རྣམ་པར་རྒྱལ་བའི་གསུང་གིས། དམ་ཉམས་བསྒྲུབ་པ་དེ་གཉིས་དང་། གདོང་དགའ་བ་རྒད་པོ་དེའི་བྱེད་པ་ལ་བརྟེན་ནས་བསམ་པ་རྫོགས་པ་ཞིག་མ་བྱུང་། ཞེས་ཀྱང་གསུངས་པར་གྲགས་ཤིང་། སྐབས་དེར་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་སླར་གདན་ས་ཆེན་པོར་ཕེབས་པ་ན་ཡང་གཞིར་བཞུགས་ཐམས་ཅད་ལ་དགོངས་པར་མ་བདེ་བ་ཙམ་དང་། ཁྱད་པར་གདོང་དགའ་བ་རྣམས་ལ་ས་སྐྱར་ཡོང་མི་དགོས་པའི་བཀའ་སྩལ་སོགས་ཀྱང་ཕེབས་པ་ཡིན་ནོ་ཞེས་ཐོས་ལ། འོན་ཀྱང་དེར་སྐབས་ཤར་ག་ནས་དཔུང་ཆེན་གྱིས་བསྟན་དགྲ་ལྷ་ས་རྫོང་པའི་འོག་ཏུ་