R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧ན
[A:༡༠༧ན]གཏོགས་པ་ཐམས་ཅད་ལ་ཤིང་བཤུ་མེ་རྒྱག་འཕྲོག་འཇོམས་སོགས་ཚད་མེད་པ་མཛད་ནས་དམ་ཉམས་འཁོར་བཅས་འཇིགས་ཤིང་སྐྱི་གཡའ་བ་དང་བཅས་སེམས་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེ་ནས་ལོ་ཟླ་མ་འགྱངས་པར་སྔགས་འཆང་མཐུ་རྩལ་ཅན་ཉིད་ཀྱིས་གོང་དུ་བརྗོད་པ་བཞིན། བསྟན་སྲུང་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བསྐུལ་ཞིང་རྦད་པར་མཛད་པ་དེའི་མཐུ་སྟོབས་ཀྱིས་གཡས་རུ་བྱང་བ་ནང་འཁྲུགས་པའི་ཚེ། བསམ་འགྲུབ་རྩེ་ནས་སྡེ་སྲིད་བྱང་པ་གཞུང་གི་ཞབས་ཏོག་ཞུས་ནས། བཀྲ་ཤིས་སྟོབས་རྒྱས་པ་འཁོར་བཅས་རྣམས་འཕྱོང་རྒྱས་སོགས་དབུས་ཕྱོགས་སུ་གནས་དབྱུང་བྱས་ཤིང་། བྱང་ཁང་གསར་བ་སོགས་ཕྱོགས་གཏོགས་ཐམས་ཅད་ཀྱང་ཕྱིར་ཕུད། དམ་ཉམས་ལྷ་ས་རྫོང་པ་ཡང་སེལ་འདོན་བྱས་ཏེ། དེར་སྐབས་བསམ་རྩེ་ནས་བསྟན་པའི་སྦྱིན་བདག་ཞིང་ཤག་རྡོ་རྗེས་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་འཕྲིན་བྱུང་པ་ལ། བྱང་པ་བཀྲས་སྟོབས་པ་དང་། ལྷ་