R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦ན
[A:༡༠༦ན]མེ་བླངས་ཏེ་ཚིག་པ་ན། དེར་འདུས་པའི་སྔགས་པ་རྣམས་ཀྱིས་གཏོར་མ་དང་ཐུན་འདྲ་བརྒྱབ། མདོ་ཕྲན་གྱི་པོ་ཏི་འདྲ་བརྡེབས་པ་སོགས་ཅི་བྱ་གཏོལ་མེད་དུ་གྱུར་ནས་འདུག་ཅེས་ཁོ་རང་སྔགས་རྣམས་ཀྱིས་དངོས་སུ་སྒྲོག་པར་གྱུར་ཅིང་། ཕྱིས་སོར་བྱང་པའི་དཔོན་རིགས་རྣམས་ཀྱང་མགྲིན་གཅིག་ཏུ་གླེང་བར་བྱེད་ཅེས་ཐོས་ལ། དེ་ནས་ཡུན་རིང་མ་ལོན་པར་རྒྱལ་རྩེ་ནས་སྡེ་སྲིད་རྣམ་པར་རྒྱལ་བ་མངའ་ཞབས་ཆོས་སྡེ་དང་བཅས་པས་དམག་གི་དཔུང་ཆེན་བཤམས་ཏེ། ས་སྐྱ་པའི་ཞབས་འདེགས་སུ་དམིགས་ནས་ལྷ་ས་རྫོང་ཧོད་འཚངས་ཀྱིས་བླངས་ནས་གདན་ས་ཆེན་པོར་འབུལ་སྦྱོར་གནང་རྩིས་མཛད་དེ། དམག་རྣམས་མཚན་མོ་ཁའུའི་ཟུག་གུ་ལ་བཏོན་ནས་དགོན་པ་སྐྱེད་ལྷས་ཀྱི་མདུན་དུ་སླེབས་པ་ན། སྒྲུབ་སྡེ་ན་ཡོད་པའི་དམ་ཉམས་དབོན་པོ་ས་ནག་པར་གྲགས་པ་དང་། ཀོམ་འདྲེ་བ་དགེ་སློང་བསོད་བློ་གཉིས་ཀྱིས་སྐྱེད་ལྷས་དགོན་པའི་ཐོད་ལ་ཕྱིན་ནས་ལྷ་ས་རྫོང་དུ་བྱ་བཏང་ཞིང་། དུས་