R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤ན
[A:༡༠༤ན]བཀའ་གནང་ནས། ཞལ་གྱེན་དུ་ཅུང་ཟད་གདངས་ཚུལ་གནང་བར། གཟིམ་གཡོག་པས་དངུལ་སྐྱེམ་བཏེགས་ནས་ཞལ་དུ་ཞུས་པ་ན། ཆུ་སྦུགས་སུ་ཆུ་འགྲོ་བ་ལྟར་བདེ་བར་ཁྱུ་རུ་རུ་འགྲོ་བའི་ངོས་དངུལ་སྐྱེམ་གང་པོ་ཞལ་དུ་རྫོགས་པར་གསོལ་ཏེ། སྐུ་ལ་མ་བདེ་བའི་ཉམས་སོགས་གནོད་པ་ཅུང་ཟད་ཀྱང་མེད་པ། ཆབ་བསང་པ་ཙམ་ཡང་མི་དགོས་པ་སོགས་རྒྱ་གར་གྲུབ་ཆེན་རྣལ་འབྱོར་དབང་ཕྱུག་གིས་ཡུལ་ཁམས་བཅོ་བརྒྱད་ཀྱི་ཆང་དུས་གཅིག་ལ་ཟད་པར་གསོལ་ཡང་མྱོས་པ་མེད་པ་ལ་སོགས་པའི་རྣམ་ཐར་དང་མཐུན་པའི་གྲུབ་པའི་རྟགས་མཚན་དེ་ལྟ་བུ་མངོན་སུམ་དུ་སྟོན་པར་མཛད་ཅིང་། དེ་ནས་སྔགས་འཆང་བླ་མ་དེ་ཉིད་ཀྱིས་ཐོང་ལྕགས་སུ་ཕེབས་ནས། དེ་ཉིད་ཀྱི་མགོན་ཁང་ན་སྔོན་བདག་ཆེན་བློ་གྲོས་རྒྱལ་མཚན་པས་ལས་སྦྱོར་གནང་བའི་དྲག་པོའི་འབྲུབ་ཁྲུང་ལིངྒ་སྔགས་ཅན་མཛེ་ཐོད་ཁ་སྦྱོར། དྲག་པོའི་ཐུན་སོགས་བཅས་ཚང་བ་ཡོད་པ་དང་། དྲག་པོའི་