R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤བ
[A:༡༠༤བ]སྦྱིན་སྲེག་གི་ཐབ་ཁུང་སོགས་དང་། བདག་ཆེན་རིན་ཆེན་དེ་ཉིད་ཀྱི་གསོལ་ཕོད་རེ་ཕོད། དབུ་ཞྭ་ཞྭ་ནག བཞུགས་གདན་སོགས་ཐམས་ཅད་ད་ལྟའི་བར་དུ་ཆ་ཚང་ཡོད་པའི་དྲག་པོའི་མགོན་ཁང་ཁྱད་པར་ཅན་དེར། སྤྱི་སྒོས་ཀྱི་བསྟན་དགྲ་རྣམས་ལ་དམིགས་ནས་བདུན་ཕྲག་གསུམ་དུ་སྐུ་མཚམས་བཅད་རྒྱ་གནང་ནས། ལས་སྦྱོར་ལས་མཐའ་བཏུལ་བ་སོགས་མཐར་ཕྱིན་པར་གནང་རྗེས་སུ་བདག་ཆེན་བློ་གྲོས་རྒྱལ་མཚན་པའི་གསོལ་ཕོད་རེ་ཕོད། དབུ་ཐེབས་སོགས་སྐུ་ལ་བཞེས་པའི་ཆས་གཞུག་མཛད་དེ། དེའི་ཕྱག་ཕྱིར་སྡེ་སྲིད་བསོད་ནམས་ལྷུན་གྲུབ་ཀྱི་དྲུང་དང་། བན་གཙང་པའི་ཕྱག་གཡོག་དང་བཅས་དྲུག་ཅུ་པའི་གཏོར་བཟློག་ཅིག་གནང་ཞིང་། མགོན་ཁང་དེ་ཉིད་དུ་རྫ་སྡེར་གཉིས་སུ་མགོན་པོ་ཁྲོ་བཅུའི་གཏོར་མ་མར་གྱི་ནོར་བུ་མིག་གསུམ་མེ་རིས་ཀྱི་རྒྱན་ཆ་ཙམ་ཡོད་པ་ཆ་གཉིས་བྱིན་རླབས་མཛད་དེ་འཇོག་པ་གནང་ནས། འདི་གཉིས་རྒྱལ་རྩེ་བ་ལ་དགོས་