R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦བ
[A:༩༦བ]སྔགས་འཆང་ཉིད་ཀྱི་གསུང་ལས། ཧེ་ཧེ་ངེད་རྒན་པོ་ཚོ་ལ་ནི་དེ་འདྲ་བྱུང་། ཁྱེད་ཚོ་ལ་ཇི་ལྟར་བྱུང་གསུངས་པ་དང་། འཇམ་པའི་དབྱངས་དབང་པོའི་མཚན་ཅན་དཔོན་སློབ་རྣམས་ཀྱིས་ཐོག་མར་ལམ་སྟོར་ཚུལ་དང་། དེ་ནས་གསོལ་འདེབས་མཛད་པས། སླར་རྐང་རྗེས་ཀྱིས་ལམ་བསྟན་ཚུལ་རྣམས་རྒྱས་པར་ཞུ་བར་མཛད་ནས། བདག་རྣམས་རྣམ་རྟོག་རགས་པས། ཐོག་མར་རྐང་རྗེས་གསུམ་ཡོང་བ་ཡོད་གསུང་བའི་དུས་སུ་ཇི་ལྟར་ཡོང་ངམ་སྙམ་པའི་ཐེ་ཚོམ་ཙམ་བྱུང་བས། དེ་ལ་ཐུགས་ཀྱིས་མི་ཁྲེལ་མཁྱེན་ཞེས་ཞུ་བར་མཛད་པ་ལ། སྔགས་འཆང་ཉིད་ཀྱི་གསུང་ལས། ཁྱེད་ཚན་པ་འདི་ཚོ་ལ། ཁ་བླ་མ་ལ། ཡིད་མི་ཆེས་པའི་སྐྱོན་ཅིག་ཀ་ཡོད། ང་ཁ་ན་སོ་འདི་རུ་སོང་ནས་རྫུན་ལབ་དོགས་མེད། ཧེ་ཧེ། དོ་ནུབ་ཀྱི་རྐང་རྗེས་དེ་གསུམ་སྔར་ཁྲི་ཐོག་པ་སྤུན་རང་ལ་བྱས་འགྱུར་དུ་ངོ་སྤྲོད་བྱས་པའི་མིང་སྲིང་གསུམ་པོ་དེ་ཀ་ཡིན། འོན་ཀྱང་རྐང་རྗེས་དེ་གསུམ་ཙམ་མཐོང་བ་ལ་ངོ་མཚར་རྒྱུ་མེད། ངེད་ལོ་ཉི་ཤུ་རྩ་གྲངས་ཀྱི་དུས་དིང་