R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༧ན
[A:༩༧ན]རི་ཕྱོགས་སུ་ཕྱིན་པ་ན། རྩིབས་རིའི་བྱང་ངོས་དེ་ལ་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔ་པོ་ཁྲ་ལམ་མེ་བཞུགས་པ་གསལ་བར་མཐོང་ཞིང་། དེའི་བྱང་ཤར་གྱི་ཕྱོགས་ན་འཕགས་པ་ཀླུ་སྒྲུབ་དང་། ས་ལོ་ཐམས་ཅད་མཁྱེན་པ་ཡིན་སྙམ་པའི་པཎྜི་ཏ་ན་བཟའ་ངུར་སྨྲིག་བསྣམས་པ་གཉིས་ཀྱང་འདུག་ཅིང་། ཡང་ངེད་ལོ་བཅུ་གཅིག་ཙམ་འགྲོ་བའི་དུས་སུ་ཕུང་པོ་རི་བོ་ཆེའི་བྱང་ངོས་ལ་གནས་བརྟན་བཅུ་དྲུག་པོ་སྐུ་རེ་རེ་ནས་རྣམ་འགྱུར་ཡ་མཚན་ཅན་སྣ་ཚོགས་མཛད་པ་དང་བཅས་པ་ཤིན་ཏུ་གསལ་བར་མཐོང་བ་ཡིན་ཞེས་སོགས་ངོ་མཚར་ཅན་གྱི་གཟིགས་སྣང་བྱུང་ཚུལ་མང་པོ་ཞིག་གསུངས་ནས། གང་ལྟར་པུ་ཏྲ་འདིས་དུས་དང་གནས་སྐབས་ཀུན་ཏུ་ཕན་བཏགས་པ་འདྲ་བ་གཞན་སུས་ཀྱང་ཕན་པ་མེད་པས། འདི་ལ་རྔན་པ་ཞིག་སྟེར་དགོས་པ་ཡིན་གསུངས་ནས་དེ་མ་ཐག་བསྐང་གསོ་རྒྱས་པར་མཛད་པ་ཡིན་ནོ་ཞེས་ཐོས་ལ། འདིའི་གོང་གི་དོ་ནུབ་ཀྱི་རྐང་རྗེས་དེ་གསུམ་སྔར་ཁྲི་ཐོག་པ་སྤུན་རང་ལ་བྱས་འགྱུར་དུ་ངོ་སྤྲོད་བྱས་པའི་མིང་སྲིང་གསུམ་