R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦ན
[A:༩༦ན]ནས་མི་ཤིན་ཏུ་ཆེ་བ་གསུམ་སོང་ཟེར་ནས་རབ་ཏུ་འཇིགས་པར་བྱུང་བའི་སྣང་ཚུལ་རྣམས་སྔོན་བགྲོས་སུ་ཕེབས་པའི་དཔོན་སློབ་རྣམས་ལ་ཕུལ་ཟིན་ནས་དར་ཙམ་སོང་བ་ན། སྔགས་འཆང་ཆོས་ཀྱི་རྒྱལ་པོ་དཔོན་སློབ་རྣམས་ཕེབས་བྱུང་བའི་ཚེ། འཇམ་པའི་དབྱངས་དབང་པོའི་མཚན་ཅན་ཉིད་ཀྱིས་སྡེ་ཡངས་སུ་ཕེབས་བསུར་ཕྱག་ཕེབས་ཏེ། དཔོན་སློབ་རྣམས་ཕེབས་ལམ་བདེ་བར་བྱུང་ལགས་ཞེས་ཞུས་པ་ན། བདག་ཉིད་ཆེན་པོའི་ཞབས་འབྲིང་ལ་ཡོད་པའི་ཆོས་རྗེ་རིན་རྒྱལ་དང་། ཆོས་རྗེ་ཀུན་དགའ་བཀྲ་ཤིས་སོགས་ན་རེ། ངེད་དཔོན་སློབ་རྣམས་ལ་དལ་ལ་གོང་ནས། འདིར་མ་ཕེབས་བར་ལ་མེ་ཕོན་ཆེན་པོ་གསུམ་ཁ་སྤྲོད་དུ་བཟུང་ནས། མེ་དེ་དག་གི་རྩ་བར་ཕེབས་པར་ཉེ་བ་ན། འོད་ཇེ་གསལ་དུ་འགྲོ་བ་དང་ཉིན་མོ་ཕེབས་པ་བས་ཀྱང་གསལ་བར་བྱུང་ཞེས་གླེང་གི་འདུག་པ་ལ།