R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤ན
[A:༩༤ན]བྱས་པ་དཔོན་སློབ་འབྱེད་པའི་ལས་སྦྱོར་དུ་སོང་བ་ཡིན་ཞེས་བྲིས་སྣང་ཡང་། དེ་ནི་ཕྱོགས་འཛིན་དང་མ་བརྟགས་པའི་གཏམ་ཁོ་ནར་ཟད་པས་ཡིད་བརྟན་པར་མི་བྱའོ། །ཡང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་། གྲུབ་མཆོག་བསོད་ནམས་དབང་པོ་གཉིས་ཡབ་སྲས་ལྷན་ཅིག་དབུས་ཕྱོགས་སུ་ཕེབས་པའི་སྐབས་ཤིག བདེ་ཆེན་ཆོས་འཁོར་དུ་གཏོར་བཟློག་དྲུག་ཅུ་པ་ཞིག་གནང་བའི་ཚེ། བསྐུལ་མཛད་ཅིང་བཀའ་བསྒོའི་གདངས་ཚུགས་པ་ན། རྗེ་བཙུན་ཉིད་སྐུ་བོང་སྔར་བས་ཉིས་འགྱུར་གྱིས་ཆེ་ཞིང་། ཡང་ཟོར་ཡང་ཤིན་ཏུ་ཆེ་བ་དང་། མཐུ་སྟོབས་ཀྱི་ཟིལ་ཆེན་པོས་སུས་ཀྱང་སྐུ་ལ་ལྟ་མི་ནུས་པ་ལྟ་བུར་གྱུར་ཅིང་། དེ་དང་དུས་མཚུངས་པར་གཙོ་གཏོར་དང་པུ་ཏྲའི་གཏོར་མ་ལ་མེ་ལྷབ་ཀྱིས་འབར་བ་དང་། བྲན་བདུད་ཀྱི་གཏོར་རྩེ་ཐག་སྒྲ་དང་བཅས་ཆད་ནས་རྒྱ་མཐོང་ལ་འཕར་བ་དེ་ཉིད་མེ་ཕུང་ཆེན་པོར་གྱུར་ཅིང་། དེ་ལས་ཀྱང་མེ་ཕུང་སྒོ་ཙམ་པ་དུ་མར་བྱུང་སྟེ་སྨྱུག་ལ་ཕྱོགས་སུ་སོང་བ་ཕྱག་