R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤བ
[A:༩༤བ]གཡོག་སོགས་དེར་ཡོད་ཀུན་གྱིས་མཐོང་བས་ཀུན་ཀྱང་སྐྲག་ཅིང་ངོ་མཚར་བར་གྱུར་ཏོ། །ཞེས་ཀྱང་ཐོས་སོ། །དེ་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱིས་ཆོས་འཁོར་ལྷ་སར་ཕེབས་པ་ན། ནངས་གཅིག་གི་ཚེ་སྔགས་འཆང་ཉིད་ཀྱི་དྲུང་དུ་བསམ་ཡས་དབུ་རྩེ་བར་ཁང་གི་སྲུང་མ་རྒྱལ་པོ་ཤིང་ཆ་ཅན་དེ་ཟ་འོག་བེར་གསེར་གྱི་ཐིག་ལེ་ཡོད་པ་ཞིག་གྱོན་ནས་བྱུང་སྟེ། དབུ་རྩེ་ཆེན་མོའི་སྟེང་འདི་ལ་ཞིག་གསོས་ཤིག་མི་བྱེད་ཀ་མེད་ཡོད་པས་ཁྱེད་ཀྱིས་མཛད་དགོས། དྲུང་ནས་མ་མཛད་ན། ད་འདི་ལ་ཞིག་གསོས་མཛད་མཁན་ཡོང་བ་མེད་པས། དེའི་ཚེ་བསམ་ཡས་དབུ་རྩེ་འདི་ཞིག་ན་བོད་སྤྱི་མཐུན་གྱི་བདེ་སྐྱིད་ལ་གནོད་པས། ད་ལྟ་ཞིག་གསོས་ཀྱི་སྐབས་རང་ལ་འདུག་ཟེར་བ་ལ། སྔགས་འཆང་ཉིད་ཀྱིས་ཀྱང་། འོ་ན་དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས་ནས། དེའི་སང་ཉིན་སྔ་བར་བདག་ཉིད་ཆེན་པོ་ཡབ་སྲས་གཉིས་ཀས་ཆིབས་ཐོག་ཁེལ་ཏེ་བསམ་ཡས་ཕྱོགས་སུ་མྱུར་བར་ཕེབས་པ་ན།