R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣བ
[A:༩༣བ]པ་ལ་ཐུགས་ཀྱི་དག་སྣང་ཆེན་པོའི་གསུང་ལས། བདག་ཆེན་ཀུན་དགའ་རིན་ཆེན་འདི་མ་བྱོན་ན། ས་སྐྱ་པའི་བསྟན་པ་འདི་གྲུམ་ཟེ་གུང་མེད་འདྲ་བའི་མཐའ་ཡོད་ཀྱང་དབུས་མེད་པ་ཞིག་ཡོང་ངེས་སུ་འདུག་ཀྱང་། བདག་ཆེན་འདིས་བསྟན་པའི་ཁུར་བཞེས་པས་ས་སྐྱ་པའི་འཕྲིན་ལས་མཐའ་དབུས་མེད་པ་རྒྱས་པ་འདི་རང་རེ་རྣམས་བློ་བག་དྲོ་བའི་ཚད་ཡིན་ཞེས་ཡང་ཡང་གསུངས་པ་སོགས་མདོར་ན་ཚར་ཆེན་ཉིད་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་གཉིས་ཕན་ཚུན་སོ་སོ་ནས་ཐུགས་མཐོང་དང་། དད་པ་དག་སྣང་འགྲན་པ་ལྟ་བུའི་ཐུགས་ནང་ཤིན་དུ་དཀར་བའི་སེལ་མེད་ཀྱི་རང་བཞིན་དུ་བཞུགས་པ་ཡིན་ངེས་ཀྱང་ཕྱིས་རྗེ་ཚར་པའི་རྣམ་ཐར་བྱེད་པ་འདྲས། སྔགས་འཆང་ཉིད་དང་ཚར་ཆེན་ཐོག་མར་དགེ་སྡིང་དུ་མཇལ་ནས་དཔོན་སློབ་ཏུ་གྱུར་ཀྱང་། ཕྱིས་བདག་ཆེན་འདིས་དམུའི་མགོན་ཁང་བཅོམ་པ་སོགས་རྗེ་ཚར་པ་ལ་མི་ལེགས་པ་མཛད་པ་ནི། གཞན་གྱིས་མཐུ་བཟློག་