R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣ན
[A:༩༣ན]མཛད་དགོས། ཞེས་ཞུས་པས། རྗེའི་གསུང་ལས། ཁྱོད་ཅི་ཟེར་བ་ཡིན། ངེད་ནི་མགོ་བོ་ལུས་སྲོག་གི་བདག་པོ་འཕགས་པ་འཇམ་དཔལ་གྱི་དཔེ་བཞིན། ངེད་རང་གི་མགོ་བོ་གཅོད་ཀྱང་ས་སྐྱ་བདག་ཆེན་ཁོང་རང་སྐུ་དབང་བཙན་པ་ཡིན་པས། འོ་སྐོལ་ས་སྐྱ་པའི་ཆོས་ཀྱི་སྒོར་ཞུགས་ཕྱིན། རྗེ་བཙུན་གོང་མ་བརྒྱུད་པ་དང་བཅས་པ་ལ་དམ་ཉམས་བྱས་ནས་ཅི་མནོ་བ་ཡིན། ངས་ནི་མི་ཤེས། ཁྱོད་ཀྱིས་ཡོང་ན་གྱིས་དང་གསུངས་པས་མ་ཆེན་རྡོ་རྗེ་བཀྲ་ཤིས་ངོ་ནག་དུ་རེ་བསྡད་འདུག་གོ་ཞེས་དེ་དུས་རྒྱུས་ཅན་གྱི་གང་ཟག་རྫུན་མི་ཟེར་བ་དག་གི་ངག་བགྲོས་རྙིང་པ་ལས་བརྒྱུད་དེ་ཐོས་པས་ཡིད་ཆེས་པའི་གནས་ཡིན་ཞིང་། གཞན་ཡང་རྗེ་ཚར་ཆེན་དེ་ཉིད། ས་སྐྱ་པའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་དད་ཞེན་གཞན་ལས་ཆེ་བ་ཞིག་ཡོད་འདུག་པས། སྔགས་འཆང་ཉིད་ཀྱིས་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པ་དར་རྒྱས་སུ་མཛད་