R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༧ན
[A:༨༧ན]པོས་གཟིགས་པ་ན་བསེ་མགོན་ཆེན་པོ་རང་ཉིད་ཀྱིས་ཕྱག་གཉིས་དཀྲུག་ཅིང་ཐུགས་ཀར་སྟེང་འོག་ཏུ་མ་བསྒྲིགས་རང་འགྲིག་ཏུ་བྱུང་བས། སྔགས་འཆང་ཉིད་ཐུགས་ལྷག་པར་དགྱེས་པར་གྱུར་ཅིང་། སྐུ་འཁོར་བ་རྣམས་ཀྱང་མཆོག་ཏུ་ངོ་མཚར་དུ་གྱུར་པ་ཡིན་ནོ། །འདིའི་ཚུལ་རྣམས་སྔགས་འཆང་ཉིད་ཀྱིས་ཡེ་ཤེས་མགོན་པོ་ལ་ཆེ་བརྗོད་ཀྱི་གསུང་མང་པོ་དང་བཅས་ཡང་ཡང་བཀའ་སྩལ་པ་ཡིན་ནོ། །ཞེས་འཇམ་མགོན་གྲུབ་པའི་དཔའ་བོ་དབང་པོའི་མཚན་ཅན་གྱི་གསུང་ལས་ཐོས་པ་ལགས། ཡང་བཞི་ཐོག་མགོན་ཁང་གི་ཞིག་གསོས་ཀྱི་སྐབས། དེ་དང་དུས་མཚུངས་པར་རྟ་ཇག་པར་གྲགས་པའི་ངན་པ་འགའ་ཞིག་གིས་བླ་བྲང་གི་བ་ཕྱུགས་རྣམས་བསམ་གླིང་དགོན་པར་ཡོད་པ་ཇག་པས་ཁྱེར་བ་ལ། སྔགས་འཆང་ཉིད་ཐུགས་འཁྲུགས་ཏེ་བཞི་ཐོག་མགོན་ཁང་དུ་བྱོན་ནས། བྱང་འདུལ་མགོན་པོའི་སྐུ་ལ་ཕྱག་མཛུབ་བསྣུན་ཞིང་། ཁྱོད་ཆོས་སྐྱོང་