R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦བ
[A:༨༦བ]དཔེ་གྲགས་མ་སོགས་བྱིན་རླབས་ཀྱི་ཕུང་པོ་མ་ལུས་ཕྱོགས་གཅིག་ཏུ་བསྡུས་པ་ལ། བླ་མ་གོང་མའི་སྒྲུབ་ཆུ་དང་། ཆེད་གཏད་བསྒྲུབ་པར་མཛད་པའི་གཟུངས་ཆུ་སོགས་ཀྱིས་ལེགས་པར་སྦྱར་ཏེ། སྔགས་འཆང་ཉིད་ཀྱིས་ཕྱག་བཟོ་མཛད་ནས་བསེ་མགོན་ཆེན་པོའི་སྙན་ཤལ་གཡོན་པའི་ཉམས་གསོ་ལེགས་པར་མཛད་རྗེས། ཕྱག་གི་འཕྲུལ་སོགས་ལ་གཟིགས་པ་ན། ཤིན་ཏུ་ཡུན་རིང་པས་གསང་ཐག་སོགས་ནུར་ནུར་པོར་གྱུར་ཏེ། སྔོན་གྱི་བསྒྲིགས་མཚམས་སོགས་དང་ཧ་ཅང་འགྲིག་པ་མི་འདུག་པས། གོས་དར་གྱི་བསྒྲིམ་བུ་བཟང་པོ་སོགས་གང་འཚམས་ཀྱི་ཐབས་མཁས་ཀྱིས་ཞབས་ཏོག་མཛད་པ་ན། འོན་ཀྱང་སྔ་མོའི་སྐབས་བཞིན་གྱི་བསྒྲིགས་མཚམས་རྣམས་དང་ཤིན་ཏུ་འགྲིགས་པར་མ་བྱུང་པ་ནས། ད་ཇི་ལྟར་བྱ་སྙམ་དུ་དགོངས་པའི་ཚེ། དེ་མ་ཐག་ཁྲོག་སྒྲ་ཤིན་ཏུ་ཆེ་བ་ཞིག་བྱུང་བ་ན། སྐུ་འཁོར་ཐམས་ཅད་ཧ་ལས་ཏེ་ཀྲབ་སྒོའི་ཕྱིར་བྲོས་པར་གྱུར་ཅིང་། བདག་ཉིད་ཆེན་