R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༧བ
[A:༨༧བ]མི་བྱེད་པར་ཟན་སྐྱོང་རང་བྱེད་པ་ཨེ་ཡིན། དཔོན་བྱང་པ་འདི་ལ་ཁྲིམས་མེད་པ་དང་། དམ་ཉམས་རྟ་ཇག་པ་འདི་རྣམས་ངན་ལང་ཤོར་བར་བརྟེན། རང་རེ་ས་སྐྱ་པའི་སྒོ་འགག་གི་ཕྱུགས་ཀྱང་མགོ་མི་ཐོན་པ་འདི་འདྲ་དཔེ་ལ་སྲིད་པ་ཨེ་ཡིན། ཁྱེད་རང་ད་རེས་ཀྱི་མི་ངན་དེ་ཚོ་ལ་འཕྲལ་དུ་རྟགས་མཚན་བྱུང་ན། གཏང་རག་ཏུ་སྨ་ར་དང་སྨིན་མ་སོགས་ལ་གསེར་ཤོག་ཅིག་སྟེར་བ་ཡིན། དེ་མིན་གཙང་པོའི་ཕར་ག་ལ་སྐྱུར་གཏོང་བ་ཡིན་ནོ་ཞེས་མི་ལ་མིས་ལབ་པའི་ཚུལ་གྱིས་བཀའ་བསྒོ་མཛད་པ་ན། དེའི་ནུབ་མོ་གདན་ས་ཆེན་པོའི་སྡེ་ཁྲོད་ནས་བཙོ་ཆེན་པོ་ཞིག་ནུབ་ཕྱོགས་སུ་སོང་བ་ཀུན་གྱིས་མཐོང་ཞིང་། དེ་དང་མཐུན་པར་རྟ་ཇག་པ་རྣམས་ལ་མི་འཚམས་པའི་ལྟས་ངན་སྣ་ཚོགས་བྱུང་བར་བརྟེན། ཕྱུགས་མ་རྣམས་ཟེགས་འཐོར་མེད་པར་བཤགས་པ་དང་བཅས་སླར་ཕྱག་ཏུ་འབུལ་བར་བྱུང་བ་ན། སྔར་གྱི་ཞལ་བཞེས་བཞིན་བྱང་འདུལ་མགོན་པོའི་ཞལ་རྒྱན་དང་སྤྱན་རྨིས་ཀྱི་གསེར་ཤོག་འདི་ཡང་དེ་དུས་