R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢བ
[A:༨༢བ]ཉིད་དེ་ལ་དངོས་སུ་ཐིམ་པ་ཡིན་ཞེས་འཇམ་པའི་དབྱངས་སྐུ་མཆེད་ཀྱི་གསུང་ལས་ཐོས་སོ། །ཡང་དབེན་གནས་དེ་ཉིད་དུ་སྔགས་འཆང་ཡབ་སྲས་དཔོན་སློབ་ཉུང་ཤས་ཤིག་གིས་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་ཅིག་མཛད་པའི་ཚེ། ཀྱཻ་བོས་སོའི་བསྐུལ་ཚུགས་པ་ན། ཕྱག་གཡོག་ལས་དག་པ་གཉིས་ཀྱི་མཐོང་སྣང་ལ། བྱས་འགྱུར་གྱི་བླ་བྲང་ནུབ་ཀྱི་ནམ་མཁར་མི་ནག་དུང་ལོ་ཅན་གཉིས་གྲོས་བྱེད་པའི་ཚུལ་གྱིས། ངེད་རང་ཚོ་ཐོག་མར་རིན་སྤུངས་ལ་ཕྱིན། དེ་ནས་ལྷ་ས་རྫོང་ལ་ཕྱིན་པ་དྲག་པ་འདུག་ཟེར་བ་མངོན་སུམ་དུ་མཐོང་ཞིང་། དེ་དུས་དབུ་ཞྭ་ཞྭ་ནག་གི་ཚབ་ཏུ་ཙ་རུ་ནག་པོས་ནང་བྱས་པའི་དབུ་ཞྭ་ཆུང་ངུ་ཞིག་ཕྱིར་སློག་ཏུ་བཞེས་པ་ལ་ཁ་བཏགས་ནག་ཁྲའི་སྐེད་ཆིངས་དང་བཅས་པ་ཞིག་མཛད་པ་ཡིན་ཞེས་ཀྱང་ཐོས་ལ། གཞན་ཡང་ཞིང་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ཡང་གར་འཆམ་དང་བཅས་དམ་ཉམས་ལྷ་ས་རྫོང་པ་ལ་མངོན་སྤྱོད་ཀྱི་ལས་མཛད་པ་གཟིགས་སྣང་ལ་ཤར་བ་བཞིན། ད་ལྟ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་