R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣ན
[A:༨༣ན]ཀྱི་སྐབས་དགྲ་བགེགས་གྲུབ་ཀྱི་འཆམ་དང་བསྟུན་ཞིང་སྐྱོང་ཡབ་ཡུམ་གྱིས་ལིངྒ་ལ་འགུགས་འདྲེན་མཛད་པའི་འཆམ་སྟབས་འདི་ཡིན་ཞིང་། ཡང་སྔགས་འཆང་འདི་ཉིད་ཀྱིས་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་ཤཱ་ས་ན་འབུམ་ཕྲག་བཞི་དང་། གནས་གཞན་དང་གཞན་དག་ཏུ་ཡང་གུར་གྱི་མགོན་པོའི་ཡི་གེ་བདུན་མ་བྱེ་བསྙེན་ཐེངས་གཉིས་ཀྱི་བར་དུ་མཛད་པར་བརྟེན། དཔལ་ས་སྐྱའི་བཞི་ཐོག་བླ་བྲང་གི་མཁའ་སྤྱོད་ཕུག་ཏུ་བཞུགས་པའི་སྐབས་ཤིག་གཟིགས་སྣང་ལ། གུར་གྱི་མགོན་པོའི་སྐུ་ཤིན་ཏུ་ཆེ་བ་རོ་གདན་དགུ་བརྩེགས་སྟེང་ན་ཟ་འོག་གི་བེར་དགུ་བརྩེགས་གསོལ་ཏེ་འགྱིངས་པའི་སྟབས་ཀྱིས་བཞུགས་པ། ཉི་མ་འབུམ་གྱི་གཟི་བརྗིད་འབར་བ་ཞིག་མངོན་སུམ་དུ་གཟིགས་པ་དང་། བསེ་འབག་ནག་པོ་འཕུར་ཤེས་ཉིད་ལ་དུས་རྒྱུན་པར་མི་དང་མི་ལབ་པའི་ཚུལ་གྱིས་བཀའ་བཀྱོན་དང་། བཀའ་བསྒོ་འཕྲིན་འཆོལ་སྤེལ་མར་མཛད་པ་