R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢ན
[A:༨༢ན] བུད་མེད་ནག་མོ་རལ་པས་རྟིང་པ་ཁེབས་པ། ལག་གཉིས་སྤར་མོ་གདེངས་ཤིང་། རྐང་པ་གར་སྟབས་ཀྱིས་འདུག་པ་ཞིག་དང་འཕྲད་པ་དང་། བན་ཆུང་དེ་ཤིན་ཏུ་འཇིགས་དངངས་པས་ཅུང་ཟད་བརྒྱལ་ཞིང་། དེ་རྗེས་སྔགས་འཆང་ཉིད་ལ་དེའི་ཚུལ་རྣམས་ཞུས་པ་ན། དེ་ལ་སྐྲག་པར་བྱེད་མི་དགོས། དོ་ནུབ་ཀྱི་ཐུན་གཏོར་ལེན་པ་ལ་སྲིང་མོ་བྱོན་བྱུང་པ་དང་། ཁྱོད་རང་རྩ་གསལ་བས་འཕྲད་པ་ཡིན། ཉེས་སྐྱོན་གཏན་མེད་ཅེས་གསུངས་པར་གྲགས་ཤིང་། ཡང་བྱས་འགྱུར་དུ་སྐུ་མཚམས་ཡུན་རིང་མཛད་པ་ཞིག་གི་སྐབས། གཟིམ་ཕུག་གི་སྒོ་འགྲམ་ན་པུ་ཏྲ་ཉིད་རྒྱུན་པར་བཞུགས་པ་ཞིག་འདུག་པ་ལ། སྔགས་འཆང་ཉིད་ཀྱི་གསུང་ལས། འདིར་པུ་ཏྲ་རྒྱུན་པར་བཞུགས་ཀྱིན་འདུག་པས་ལོགས་བྲིས་ཤིག་བྱས་ན་ལེགས་པར་འདུག་གསུངས་ནས། བདག་ཉིད་ཆེན་པོ་རང་གིས་ལས་མཁན་ཆེན་པོའི་སྐུ་ཕྱག་བྲིས་སུ་མཛད་པས། པུ་ཏྲ་