R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡བ
[A:༨༡བ] ཏ་ལར་བཞུགས་པའི་སྐབས་ཤིག དགེ་སློང་རིན་ཆེན་རྣམ་གྲོལ་ཞེས་བྱ་བའི་སྔགས་འཆང་ཉིད་ཀྱི་ཞབས་འབྲིང་པ་ཆེན་པོ་དེས་གསོལ་བ་བཏབ་པའི་ངོར། གནམ་ཁའུ་པའི་གཟིགས་སྣང་མ་ལྟར་ཞལ་བཞི་པ་ཞིག་སྔགས་འཆང་ཉིད་ཀྱིས་ཕྱག་བྲིས་མཛད་པ་ན། དེའི་རབ་གནས་ཀྱི་ཚེ་སྐུ་འཁོར་བ་རྣམས་ཀྱི་མཐོང་སྣང་ལ། ཨ་ཙཱ་ར་མདོག་སྔོ་བ་ཞིག་གཟིམ་ཆུང་དུ་སོང་བ་མཐུན་གྲུབ་ཏུ་མཐོང་ཞིང་། སྔགས་འཆང་ཉིད་ཀྱི་གཟིགས་སྣང་ལ་ཞལ་བཞི་པ་ཡུམ་ཆེན་བཞི་དང་བཅས་པ་རྔམ་བརྗིད་དང་ལྡན་པ་ཞིག་བྲིས་སྐུ་ལ་མངོན་སུམ་དུ་ཐིམ་པའི་སྣང་བ་བྱུང་ཞེས་སྔགས་འཆང་ཉིད་ཀྱིས་ཐུགས་སྲས་རྒྱལ་ཚབ་དམ་པ་འཇམ་པའི་དབྱངས་སྐུ་མཆེད་ལ་གསུངས་པ་ལས་བརྒྱུད་དེ་བདག་གིས་ཐོས་སོ། །ཡང་པོ་ཏ་ལ་དེ་ཉིད་དུ་བཞུགས་སྐབས་ཤིག ནངས་གཅིག་ཐུན་གཏོར་ཕུལ་བའི་རྗེས་སུ། གྲགས་པ་ཟེར་བའི་བན་ཆུང་ཞིག་ཡོད་པ་དེས་ཞབས་དྲུང་དུ་འོངས་པ་ན་གཟིམས་ཆུང་གི་འགག་གི་སྐས་འགོར།