R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡ན
[A:༨༡ན] འགྱུར་ལུང་པའི་གཞི་བདག་བསང་། །ཞེས་པའི་ཚིགས་བཅད་འདི་ཡང་འཇུག་པར་མཛད་པ་ཡིན་ནོ། །ཞེས་ཐོས་ཤིང་། དཀར་མོ་ཉི་ཟླ་ལྕམ་དྲལ་དང་། བྱས་འགྱུར་གྱི་གཞི་བདག་འདི་རྣམས་ཐུགས་རྒྱུད་གཅིག་པར་འཇམ་དབྱངས་བསོད་ནམས་དབང་པོའི་བྱས་འགྱུར་གྱི་གནས་བཤད་དངོས་གྲུབ་རྒྱ་མཚོ་ལས་ཀྱང་གསལ་བར་གསུངས་སོ། །ཡང་སྔགས་འཆང་བླ་མ་འདི་ཉིད་ཀྱིས་ཞིང་སྐྱོང་ཆེན་པོ་ཙ་ཏུརྨུ་ཁའི་བསྙེན་སྒྲུབ་མཐར་ཕྱིན་པ་མཛད་པ་ན། བསྟན་སྲུང་གི་དབང་པོ་ཞལ་བཞི་པ་ཉིད་བྲམ་ཟེའི་གཟུགས་སྐུ་མདོག་བཻ་ཌཱུརྻ་ལྟར་སྔོ་བ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པ། སྐུ་ཤིན་ཏུ་ཆེ་བས་ནམ་མཁའི་ཁྱོན་གང་བ་ཡུམ་ཆེན་བཞི་དང་བཅས་པ་ཞིག་གསལ་བར་གཟིགས་པ་དེའི་སྣང་བརྙན་ཇི་ལྟ་བ་བཞིན་བྲི་བར་མཛད་པ་ནི། ད་ལྟ་སྔགས་ཐང་ཆེན་པོའི་གྲྭ་ལ་བཞུགས་པ་འདི་ཡིན་ལ། ཡང་ལྷ་ཁང་ཆེན་མོའི་ཡང་སྟེང་གཟིམ་ཆུང་པོ་