R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠བ
[A:༧༠བ] ག་ཤིན་ཏུ་རྒྱས་པའི་སྒོ་ནས་བཀའ་དྲིན་ཆེན་པོས་གནང་། དེ་དུས་ཀྱང་ལྷ་མོ་དངོས་སུ་གཏད་པ་ཙམ་གྱི་ངེས་ཤེས་དང་ཡིད་ཆེས་པ་བྱུང་། གོང་གི་མངོན་སྤྱོད་ཀྱི་ལྟས་བྱུང་བའི་རྗེས་ནུབ་མང་པོའི་བར་སྡིག་པ་དག་པའི་རྨི་ལྟས་ཆེས་ཆེ་བ་ཇི་སྙེད་ཅིག་བྱུང་བས། ལམ་ཐམས་ཅད་ཀྱི་ནང་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ཀ་ཟབ་པ་ལ་ངེས་ཤེས་ཁྱད་པར་ཅན་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུར་གྱུར་ཅེས་འབྱུང་བ་ཡིན་ལ། ཡང་མཁའ་འགྲོ་མ་རྣམས་ཀྱིས་མནལ་ལམ་དུ་བསྐུལ་ནས་རྗེ་རྡོ་རིང་པའི་རྣམ་ཐར་མཛད་པའི་ཚེ། མཐར་ཕྱིན་པར་ཉེ་བ་ན། དཔལ་ལྡན་ལྷ་མོས་རྣམ་ཐར་དེའི་ཆོས་བདག་མཛད་པར་ཞལ་གྱིས་བཞེས་པའི་ཚུལ་ནི། དེའི་ལོ་རྒྱུས་ཀྱི་ཡི་གེ་རྗེ་ཉིད་ཀྱི་ཕྱག་བྲིས་མ་ལས་འདི་སྐད་འབྱུང་སྟེ། ཁོ་བོ་ཐུབ་བསྟན་དགེ་འཕེལ་ན་ཡོད་པའི་སྐབས་ཤིག་རྨི་ལམ་དུ་ཟླ་བ་དང་པོ་ལ་སྐྱེས་ཕོ་མོ་མང་པོ་འཚོགས་ནས་སྒྲོན་མེ་ཁུར་ནས་རྡོ་རིང་ཀུན་སྤངས་པའི་གྲྭ་