R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠ན
[A:༧༠ན] ཀྱི་གཏོར་བསྔོས་ཀྱི་མཐར་མཆོད་གཡོག་གིས་ཁང་པའི་བད་སྟེང་དུ་ཐུན་གཏོར་ཕུལ་བའི་གཏོར་མའི་གསེབ་ནས་མེ་སྟག་མཐེབ་རྡོག་ཙམ་ཞིག་ཆད་སོང་བ་ཁོ་བོ་རང་གིས་མཐོང་། དེ་ཇེ་ཆེར་སོང་ནས་རྫ་མ་ཙམ་དང་། མཐར་ཁང་པ་ཙམ་དུ་སོང་བ་མཆོད་གཡོག་གིས་མཐོང་བ་ལ་གཞུང་གི་ཐད་དུ་བབས་སོང་ཟེར། དེ་ནས་རིང་པོར་མ་ཐོགས་པར་མི་ཚང་དེ་པ་ལ་ཤི་ཆད་འཐོན་བུད་སོགས་མི་འདོད་པ་དུ་མ་བྱུང་ནས་རྗེས་སྟོང་པ་གཅིག་བྱུང་། བརྒྱུད་པ་འདི་ལས་འོངས་པའི་ལྷ་མོ་འདི་ལ་དྲག་ཤུལ་ནུས་མཐུ་འདི་ལྟ་བུ་ཡོད་པས། རྗེས་འབྲངས་རྣམས་ཡིད་ཆེས་པར་གྱིས་ལ་ནན་ཏན་དུ་བསྒྲུབ་པར་གྱིས་ཤིག དེ་ནས་རྔོག་དཀྱིལ་བདུན་ལ་སོགས་པའི་རྔོག་ལུགས་ཀྱི་ཆོས་སྐོར་རྣམས་ཞུས་པའི་རྗེས་སུ། བརྒྱུད་པ་འདི་པ་རང་གི་སྲོལ་ལ་ལྷ་མོ་གསང་སྒྲུབ་ཀྱི་རྗེས་གནང་འདི་རྔོག་པའི་བསྟན་པ་ཟིན་ངེས་གཅིག་ལ་བྱེད་པའི་ལུགས་ཡིན་གསུངས་ནས་གསང་སྒྲུབ་ཀྱི་རྗེས་གནང་ཆོ་