R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡ན
[A:༧༡ན] པ་རྣམས་གར་སོང་འཚོལ་བ་ཡིན་ཟེར་ནས། ཁོ་བོའི་མདུན་ཕྱོགས་སུ་ཡད་ཡུད་མང་པོ་བྱེད་པ་ལ། ལན་དུ་རྗེའི་གྲྭ་པ་འདི་དང་འདི་ཞེས་བྱ་བ་མང་པོ་ཡོད། ང་ཡང་ཡིན་བྱས་པས། འོ་ན་རྣམ་ཐར་བཤད་རྒྱུ་ཡོད་དམ་ཟེར་བ་ལ། མེད་པ་སྙམ་བྱེད་ཅིང་ཤིན་ཏུ་ངོ་གནོང་བ་ཞིག་ལ་གཉིད་སད་བྱུང་བས། སེམས་མི་བདེ་བ་སྙམ་བྱེད་པ་ཞག་འགའ་བྱུང་། དེའི་རྗེས་ཀྱི་ཟླ་བ་ཕྱི་མའི་ནང་དུ་ནུབ་ཅིག་རྨི་ལམ་ན། བུད་མེད་སྣུམ་བག་ཅན་མང་པོ་བྲག་སྟེང་གཅིག་ན་འཚོགས། ཁུ་དི་རི་རི་འདུག་པ་ལ་བལྟར་ཕྱིན་པས། དེ་རྣམས་ཐམས་ཅད་ཡི་གེ་འབའ་ཞིག་འབྲི་ཞིང་ཁ་མི་འཆམ་པའི་ཟི་རེ་བ་བྱེད་པ་ལ། དོན་གང་ཡིན་ལབ་པས། བུད་མེད་རྒན་མོ་བྱད་དམར་ཆབ་པེ་བ་སོ་འཛར་བ་གཅིག་ན་རེ། ངེད་རྣམས་ཀྱིས་ཁྱེད་ཀྱི་བླ་མའི་རྣམ་ཐར་རྩོམ་པ་ཡིན་ཟེར། ཁྱོད་རྣམས་ལ་ལོ་རྒྱུས་ཡོད་དམ་བྱས་པས། པོ་ཏི་ཆེན་མོ་གཅིག་འདུག་པ་ལ་མཛུབ་མོ་བཙུགས་ནས། འདི་ཕག་མོ་