R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན] པར་ཅན་འདི་ཡང་དེ་དུས་གསུང་རྩོམ་མཛད་པ་ཡིན་ལ། ཡང་ལྷ་མོ་འདོད་ཁམས་དབང་ཕྱུག་མ་ལ་ལས་བཅོལ་ནས། བླ་མའི་སྐུ་དགྲ་མྱུར་དུ་སྒྲོལ་བར་མཛད་པའི་ཚུལ་ནི། རྗེ་ཉིད་ཀྱིས་མཛད་པའི་དེའི་ཆོས་སྐོར་གྱི་དཀར་ཆག་ལས་འདི་ལྟར་འབྱུང་སྟེ། འདིའི་ཆོས་སྐོར་ཞུ་བ་ཁོ་བོས་རྗེ་བཙུན་རྡོ་རིང་པ་ཆེན་པོས་གཙོ་མཛད་བླ་མ་དམ་པ་བཅུ་ཕྲག་གཅིག་ལ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཆོས་སྐོར་མཐའ་དག་ཡོངས་སུ་རྫོགས་པར་ཐོབ། ཁྱད་པར་དཔལ་ལྡན་འདོད་ཁམས་དབང་ཕྱུག་མ་འདི་ཉིད་ཀྱི་སྒོས་སྒྲུབ། ཚོགས་བདག་ལྟར་བསྒྲུབ་པ། བཀའ་སྡོད་ལྟར་བསྒྲུབ་པ། ཕྱི་པ་ལྟར་བསྒྲུབ་པ། ནང་པ་ལྟར་བསྒྲུབ་པ་ལ་སོགས་པ་མ་ལུས་པ་ཐོབ་ཀྱང་། ས་སྐྱ་པའི་ལུགས་ལ་ལྷ་མོ་འདིའི་རྗེས་གནང་སྦགས་སྒྲུབ་ཀྱི་ཁོངས་སུ་མཛད་པ་འདི་ཀ་མ་གཏོགས་ཟུར་བཀའ་མཛད་པའི་སྲོལ་མི་འདུག་པ་དང་། དམ་