R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦བ
[A:༦༦བ] བཤད་ཡོད་པ་འདྲ། པུ་ཏྲ་འདི་ཅུང་ཟད་མི་དགྱེས་པའི་ཚུལ་སྟོན་པ་ཞིག་འདུག་པས་རྩུབ་འགྱུར་འདྲ་བྱུང་དོགས་འདུག་གོ་གསུངས་པས། ལམ་བར་དུ་ཆིབས་པ་གཡང་ལ་ལྷུངས་ནས། རྗེ་ཉིད་ཀྱི་སྐུ་ལ་སྐྱོན་མེད་པ་གྲོག་ཁར་བཞུགས་ཤིང་། གྲོག་གཏིང་གི་རྡོ་ཞིག་ལ་ཆིབས་པའི་རྨིག་རྗེས་བྱུང་བས། དེ་དུས་ཀྱི་སློབ་མ་རྣམས་གྲུབ་རྟགས་འཇོག་པའི་སྙད་ཀྱིས་དེ་བཞིན་དུ་བསྟན་པར་འདུག་ཟེར་བར་བྱུང་ཞིང་། སླར་བསྐང་བཤགས་རྒྱས་པར་མཛད་པས། ལས་མཁན་ཆེན་པོ་ཐུགས་རབ་ཏུ་དགྱེས་པའི་རྟགས་ཁྱད་པར་ཅན་བརྙེས་པ་དང་། ཡང་ལན་གཅིག་སྐྱེད་ལྷས་ཀྱི་སུམ་ཅུ་རྩ་གསུམ་དུ་དམིགས་ཡུལ་ཞིག་ལ་ཆེད་དུ་གཏད་ནས་རྗེ་རྡོ་རྗེ་འཆང་གི་མན་ངག་གཡུལ་ལས་རྣམ་རྒྱལ་བཞིན་གྱི་ལས་སྦྱོར་མཛད་པས། ཞག་འགའ་ནས་བསྒྲལ་བྱ་དེ་པུ་ཏྲས་དངོས་སུ་ཁྲིད་བྱུང་སྟེ། ལས་འདི་བཞིན་བསྒྲུབས་ཡོད་པས། གཏང་རག་ཏུ་བསྐང་གསོ་ཞིག་འཕྲལ་དུ་གྱིས་ཟེར་བྱུང་བས། པུ་ཏྲའི་སྒོས་ཀྱི་བསྐང་གསོ་ཁྱད་