R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧བ
[A:༦༧བ] པའི་བསྒྲུབ་ཡིག་ཏུ་ཡུམ་འཁོར་དང་བཅས་པ་བསྒྲུབ་པར་བཤད་པ་ལའང་ངོས་འཛིན་གསལ་བ་ཞིག་མི་འདུག་པས། འདི་རྣམས་རྟོགས་པར་འདོད་ནས་བོད་ན་བཞུགས་པའི་གསང་སྔགས་གསར་རྙིང་གི་ལྷ་མོའི་སྒྲུབ་ཐབས་ཇི་སྙེད་གཅིག་ཞུས་ཤིང་། ཡི་གེ་མཐའ་དག་ལ་བརྟགས་པས། དམག་ཟོར་རྒྱལ་མོ་དང་། ལྕགས་ཕུར་མ་ལ་སོགས་པ་རྣམས་ནི་ཁོལ་མོ་རེ་མ་ཏིའི་རིགས་སུ་འདུག་ཅིང་། རྗེ་མོ་རེ་མ་ཏི་ལའང་བརྒྱུད་པ་སོ་སོ་ལས་འོངས་པའི་རིགས་མི་འདྲ་བ་མང་དུ་འདུག་པའི་ནང་ནས། རྔོག་ལུགས་ཀྱི་དུད་སོལ་མ་ཕྱི་སྒྲུབ་ཀྱི་རྒྱ་གཞུང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་འདི་དང་། ས་སྐྱ་པའི་ལུགས་ཀྱི་ལྷ་མོ་ཕྱི་པ་མུ་སྟེགས་ལྟར་བསྒྲུབ་པའི་རྒྱ་གཞུང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་འདི་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མི་འདུག་ཅིང་། དེ་བཞིན་དུ་རྔོག་ལུགས་ཀྱི་འགྲེལ་པ་ཞལ་གདམས་མར་གྲགས་པ་དང་། ས་སྐྱ་པའི་ལྷ་མོའི་ཡིག་ཆུང་ཡིད་བཞིན་ནོར་བུར་གྲགས་པའང་བྲིས་བཤུས་