R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦ན
[A:༦༦ན] དང་། རྗེས་སུ་གཟིགས་སྣང་ལ་བར་སྣང་ནས་གོས་ཆེན་ལྕགས་ནག་གི་ཕོད་ཀ་ཆེན་པོ་གྱོན་པ་ཞིག་གིས་ཕུ་རུང་གི་སྦུབས་ནས་ལག་པ་ཆེན་པོ་གཅིག་ཡང་ཡང་སྟོན་པ་སོགས་བྱུང་བ་ཡང་ཆོས་སྐྱོང་གིས་དངོས་སུ་རྗེས་སུ་བཟུང་བའི་ཆོ་འཕྲུལ་དུ་སྣང་ལ། ཡང་འཁྲུལ་ཞིག་བཀའ་བཞི་བ་ཆེན་པོ་མཇལ་བ་ལ་རྗེ་ཉིད་ཀྱིས་ཕེབས་པའི་སྐབས་ཤིག དེའི་སྔོན་ཙམ་དུ་རྗེ་བཀའ་བཞི་པའི་གསུང་གི ཆོས་རྗེ་ཚར་བ་ཁོང་འཕྲལ་དུ་འབྱོན་གྱི་ཡོད་པ་འདུག ཞལ་བཞི་པ་འཁོར་བཅས་སྔ་འགྲོས་ཀྱི་ཚུལ་དུ་བྱོན་བྱུང་ཞེས་གསུངས་པ་བྱུང་པ་དང་། ཡང་སྐབས་འགར། དེ་རིང་རྗེ་ཚར་པ་ལ་བྱ་བ་ཁག་ཆེ་བ་ཞིག་ཡོད་པ་འདུག ཞལ་བཞི་པ་ཁོང་བྲེལ་གྱིན་འདུག་གསུངས་པ་སོགས་ཐོལ་བྱུང་དུ་བཀའ་ཕེབས་པ་ཞིག་ཡོད་འདུག་ཅིང་། ཡང་ལན་ཅིག་རྗེ་བཀའ་བཞི་པ་དང་མཇལ་བའི་ཚེ། གསུང་ལས་རིན་པོ་ཆེ་པས་བོ་དོང་དུ་མགོན་པོའི་ཟབ་ཆོས་ཤིག་མི་མང་རབ་ཅིག་ལ་