R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡ན
[A:༦༡ན] བདག་ལ་མེད་པའི་ཚད་ལྡན་བརྒྱུད་པ་ལས། །བྱུང་བའི་འདི་སྐོར་ཡོད་ན་བརྡ་ཐོངས་ཤིག །ཞབས་རྡུལ་སྤྱི་བོས་མཆོད་ནས་ལེན་པར་སྤྲོ། །ཞེས་དང་། བླུན་པོ་རྒྱུས་མེད་ནོར་གྱིས་དྲེགས་པ་དང་། །ཆེན་པོས་སྨྲས་ཚད་གཏམ་དུ་སོང་བ་དང་། །ཟོག་པོ་ཡ་མེད་རྟོག་གེའི་དུག་ཆུས་མྱོས། །དེ་རྣམས་ལ་ནི་དྲི་མིན་བཏང་སྙོམས་བཞུགས། །ཞེས་དང་། རང་ཉིད་མཁས་པར་བསྒྲུབ་པའི་དྲེགས་འདོད་དང་། །གཞན་ལ་སྐྱོན་འཛིན་འདོད་པའི་ཟོལ་ཟོག་མིན། །ཚུལ་འདི་དད་དང་འདུན་པས་བསྐུལ་བ་ཡིན། །གསུང་བར་འོས་པ་རྣམས་ཀྱིས་ལན་མྱུར་ཞུ། །ཞེས་དང་། དེ་ལྟར་ལྷག་བསམ་རབ་དཀར་འདབ་གཤོག་ཅན། །དོགས་ལྡན་སྙན་ཚིག་མགྲིན་པའི་རྫ་རྔ་སྒྲོག །ཟབ་དོན་དྲི་བའི་ངང་མོ་ཡིད་འོངས་ཁྱོད། །སྔགས་འཆང་མཁས་པའི་ཐུགས་ཀྱི་རྒྱ་མཚོར་སོང་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་དྲི་བའི་ཡི་གེ་དེ་ཉིད་ལས།