R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠བ
[A:༦༠བ] མ་ལུས་བུམ་པ་གང་བྱོར་ཐོབ། །མདོར་ན་དམ་པའི་ཡོངས་འཛིན་བདུན་ལ་གཏུགས། །ཚུལ་འདིའི་ཕྲ་རགས་ཆོས་ལ་རིང་དུ་སྦྱངས། །དག་དང་མ་དག་ཡི་གེ་མང་དུ་མཐོང་། །མཁས་དང་མི་མཁས་སྔགས་འཆང་དུ་མ་བགྲོས། །འདིར་ནི་ཐུན་མོང་ཙམ་ལ་ཅུང་ཟད་དྲིས། །ཞིབ་པར་ཕྱི་ནང་གསང་གསུམ་མན་ངག་ལ། །འདོད་ཚུལ་མང་མོད་ཆོས་འདི་ཟབ་པ་དང་། །ཆོས་སྐྱོང་གཉན་པས་དྲི་བ་སྤོབས་མ་གྱུར། །ཅེས་གསུངས་ནས། དེ་ལྟར་རང་གིས་ཆོས་སྐྱོང་གི་ཆོས་སྐོར་ལ་མཁས་པར་སྦྱངས་ཀྱང་། དྲི་བ་རགས་རིམ་རྣམས་མཛད་པའི་རྒྱུ་མཚན་བཤད་པ་དང་། དྲིས་ལན་འདེབས་པའི་ཡུལ་མིན་པ་རྣམས་བཏང་སྙོམས་སུ་བཞུགས་པར་གདམས་པ་དང་། དྲིས་ལན་འདེབས་འོས་པ་རྣམས་ཀྱིས་དྲི་བ་པོའི་ཀུན་སློང་རྣམ་དག་ལ་དགོངས་ནས་མྱུར་དུ་དྲི་ལན་སྩོལ་བར་བསྐུལ་བ་དང་། དྲི་བའི་ཡི་གེ་དེ་ཉིད་ཀྱི་མིང་དོན་སྟོན་པ་རྣམས་རིམ་པ་བཞིན་དུ་དེ་ཉིད་ལས། དེ་ལྟར་དྲིས་པའི་དམ་པ་ཁྱེད་རྣམས་ལ། །