R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡བ
[A:༥༡བ] གང་ལ་དྲི་བའི་ཡུལ་ངོས་བཟུང་བ་ནི། རྒྱ་ཆེན་སྔགས་གཞུང་རྒྱ་མཚོའི་མཐར་སོན་ཅིང་། །ཟབ་དོན་སྙན་བརྒྱུད་ནོར་བུའི་དཔལ་འཛིན་པའི། །དཔྱོད་ལྡན་གཟུར་གནས་རྡོ་རྗེ་འཛིན་དག་ལ། །དོགས་པའི་གནས་འགའ་གསོལ་གྱི་ལེགས་བཤད་སྩོལ། །ཅེས་པས་དྲི་ཡུལ་ངོས་བཟུང་ནས། དྲི་བ་དངོས་ལ་དོན་ཚན་གྱི་རྣམ་གྲངས་མང་དུ་ཡོད་པའི། དེ་དག་གི་མཐའ་ཆོད་རྣམས་ནི་ཁོ་བོས་བྱས་པའི་ཆོས་བྱུང་གི་བསྟན་བཅོས་འདིས་དབུ་ཞབས་བར་གསུམ་གྱི་སེབ་ཚགས་སུ་གསལ་བར་བྱས་པ་ཉིད་ཀྱིས་རྟོགས་ནུས་པ་ཡིན་ལ། ཡང་རྗེ་ཉིད་ཀྱིས་མཛད་པའི་མགོན་པོའི་མན་ངག་ཟབ་བསྡུས་གསལ་བྱེད་ཁ་སྐོང་གླེགས་བམ་གྱི་དཀར་ཆག་ལས། ཁོ་བོས་རྒྱལ་ཁམས་ཡངས་པའི་ཕྱོགས་ཀུན་ཉུལ། །མཁས་གྲུབ་བླ་མ་མང་པོའི་ཞབས་པད་བསྟེན། །རང་གཞན་གདམས་པ་ཟབ་མོའི་གནད་ཀུན་ཤེས། །དག་དང་མ་དག་འབྱེད་པའི་སྤོབས་པ་ཐོབ། །ཁྱད་པར་ནག་