R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠ན
[A:༦༠ན] ཉམས་པའི་ཕྱག་རྗེས་ངོ་མཚར་ཅན་ཡིན་པས། ལུགས་འདི་སྐོར་ལ་འདྲེན་པ་དམ་པ་འདི་བཀའ་དྲིན་གཞལ་དུ་མེད་པར་ཤེས་ལྡན་དག་གིས་རྟོགས་པར་བྱ་དགོས་པ་ཡིན་ཞིང་། རྗེ་བཙུན་བླ་མ་དེ་ཉིད་ཀྱིས་གུར་གྱི་མགོན་པོའི་ཆོས་སྐོར་རྣམས་བླ་མ་སོ་སོ་ལ་གསན་ཚུལ་ནི། དམ་པ་དེ་ཉིད་ཀྱིས་མཛད་པའི་ནག་པོ་ཆེན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། དིང་སང་དཔྱོད་ལྡན་མཁས་པ་མི་བྲིན་ཞིང་། །བླུན་པོ་རྫུན་བག་མཁན་དང་ཟོག་པོ་ནི། །འུར་རྒྱང་ཅན་དག་ཀུན་གྱིས་མཆོད་ཅིང་བསྔགས། །འདི་འདྲ་བསྟན་པ་ཉམས་པས་ཀུན་ཀྱང་བླུན། །ཁོ་བོས་རྗེ་བཙུན་ཀུན་དགའ་བཟང་པོ་ལས། །བརྒྱུད་པའི་གསེར་པོད་ལ་སོགས་ཀུན་ཀྱང་ཐོས། །རྒྱུད་གསུམ་སྨྲ་བ་པྲཛྙཱ་རཏྣ་ལས། །རྫོང་ཆུང་པ་ལས་བརྒྱུད་པ་ཞིབ་ཏུ་ཞུས། །ཁྱད་པར་གྲུབ་མཆོག་དབང་པོ་ཀུན་སྤངས་ཞབས། །རིང་དུ་བསྟེན་ཅིང་གདུང་རྒྱུད་རིམ་པ་ལས། །བརྒྱུད་པའི་མ་ཏི་དྷོ་ཛའི་སྙན་བརྒྱུད་ཀྱི། །གདམས་པ་