R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢ན
[A:༤༢ན] མཐའ་ཡས་པར་འབད་མེད་ལྷུན་གྲུབ་ཏུ་འགྲོ་དོན་མཛད་པར་ངེས་ཏེ། དེ་ཡང་སྔོན་རྒྱལ་པོ་བཟང་པོ་མཆོག་ཅེས་པའི་སྐྱེད་མོས་ཚལ་དུ་པདྨའི་སྡོང་པོ་ལྦ་བ་ལྔ་ཡོད་པ། དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཁ་ཕྱེ་བ་ན་ཁྱེའུ་ཁ་དོག་པདྨ་དང་མཐུན་པ་ལྔ་འཁྲུངས། དེ་ནི་ཐོད་འཕྲེང་རྩལ་རིགས་ལྔ་ཡིན་ཞིང་། དེ་དག་གིས་སངས་རྒྱས་ཀྱི་སྔགས་ཀྱི་བསྟན་པ་གར་ཁྱབ་ཏུ་སྐུའི་སྤྲུལ་པས་ཁྱབ་ཅིང་། ཞིང་རྒྱས་དབང་དྲག་གི་འཕྲིན་ལས་གསང་སྔགས་ཀྱི་བསྟན་པ་འཛིན་པར་ཞལ་གྱིས་བཞེས་ཤིང་དམ་བཅས་པས་ན་རྗེ་འདི་གུ་རུ་ཐོད་ཕྲེང་རྩལ་གྱི་སྤྲུལ་པ་ཡིན་པར་ངེས་ཏེ། ཐུབ་པའི་བསྟན་པ་འཇིག་ཏུ་ཉེ་བའི་དུས་འདིར། སྤྱིར་མདོ་སྔགས་ཀྱི་བསྟན་པ། ཁྱད་པར་སྔགས་ཀྱི་བསྟན་པ་རྣམ་པར་དག་པ་འཛིན་སྐྱོང་སྤེལ་བར་མཛད་པ་ལ་བཀའ་དྲིན་མཆོག་ཏུ་ཆེ་བར་བྱུང་བས་སོ། །སྔོན་འཕགས་ཡུལ་རིག་འཛིན་ཤྲཱི་སིངྷ་ཞེས་པར་སྤྲུལ་ཏེ། དེ་ཉིད་