R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡བ
[A:༤༡བ] པ་ཡིན་གསུངས་ནས། སྐུ་ལ་སྣམ་སྦྱར་བཞེས་ཏེ། རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣོལ། ཡུད་ཅིག་ཐུགས་དམ་ལ་ཞུགས་ནས། དེ་མ་ཐག་རང་བཞིན་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པའི་ཚུལ་བསྟན་ཏོ། །དེ་དུས་སྒོམ་ཆེན་པ་དར་མ་དཔལ་གྱི་གཟིགས་སྣང་ལ། གླང་པོ་ཆེ་རྒྱན་གྱིས་སྤྲས་པ་ཞིག་མཁའ་འགྲོ་མ་བཞིས་བཟུང་ནས་རྗེ་ཉིད་དག་པའི་ཞིང་ཁམས་སུ་སྤྱན་འདྲེན་རྒྱུ་ཡིན་པའི་མཚན་མ་ཤར་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་བར་གྲགས་སོ། Hagiography of Gong dkar rDo rje gdan pa །ཡང་ས་སྐྱ་པའི་རྗེ་བཙུན་གོང་མའི་བསྟན་པ་སྤྱན་གྱི་འབྲས་བུ་ལྟར་གཅེས་པར་འཛིན་པའི་སྐྱེས་བུ་དམ་པ་ནུས་མཐུའི་མངའ་བདག་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ནི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་མཆོག་གི་གོ་འཕང་མངོན་དུ་མཛད་ཅིང་། སླར་ཡང་སྤྲུལ་པའི་སྐུ་བགྲང་བ་ལས་འདས་པ་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས། སྐལ་པ་དང་འཚམས་པའི་གདུལ་བྱའི་ཞིང་