R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤བ
[A:༢༤བ] པ་ལྕམ་དྲལ་ལས་མཁན་དང་བཅས་པ་རྣམས་མངོན་སུམ་དུ་གཟིགས་སྣང་ལ་ཤར་ཏེ། ཁོང་ཆོས་སྐྱོང་རྣམས་ནི་ཚོགས་ཆེན་མོའི་དབྱངས་རོལ་དང་བསྟུན། ཕན་ཚུན་གཅིག་གིས་གཅིག་ལ། ད་ཁྱོད་འགྲོ་རན་བྱུང་། ང་འགྲོ་རན་བྱུང་ཟེར་བ་སོགས་མི་ལ་མི་ལབ་པ་ལྟར་བྱས་ནས། ཐོག་མ་ལས་མཁན་རྣམས་དང་། མཐར་གུར་གྱི་མགོན་པོ་རང་ཡང་བྱོན་སོང་བས། ཀུན་མཁྱེན་ཆེན་པོའི་ཐུགས་ལ། ས་སྐྱ་པའི་ཕྱག་ལེན་རྣམ་པར་དག་པའི་དབྱངས་རོལ་འདི་རྣམས་ཏིང་ངེ་འཛིན་ལོ་བརྒྱ་བསྒོམས་པ་དང་། སྔགས་ལོ་བརྒྱ་བཟླས་པ་བས་ནུས་པ་ཆེ་བ་འདུག་དགོངས་ནས་ཐུགས་ལྷག་པར་དད་དེ། དེ་དུས་ཞབས་དྲུང་ན་ཡོད་པའི་སྐལ་ལྡན་འགའ་ལ་ཨ་ལ་ལ། ས་སྐྱ་པའི་དབྱངས་རོལ་གྱི་ཕྱག་ལེན་འདི་རྣམས་ངོ་མཚར་ཆེན་པོ་རེད། ངེད་ལ་མཐོང་སྣང་ཡ་མཚན་ཅན་འདི་ལྟར་བྱུང་གསུངས་གཞན་ཡང་ཉམས་ལྡན་གྱི་གསུང་གིས། ར་ལྤགས་འདི་ཚོ་ཡང་མཉེད་དགོས་རྒྱུར་འདུག བོང་སྐད་འདི་ཚོ་