R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤ན
[A:༢༤ན] འདུག་པས། ས་སྐྱ་པའི་བསྟན་པ་དར་བར་ཡོང་བ་འདུག་གསུངས་པ་དང་། སྐབས་སྐབས་སུ་བར་ཆད་ཀྱི་རྣམ་པ་ཅུང་ཟད་བྱུང་པ་ལ། ཆོས་སྐྱོང་གི་གཏོར་སྒྲུབ་བསྐང་གསོ་ཞག་སྦྲེལ་ཙམ་རེ་མཛད་པས་བར་ཆད་ལས་གྲོལ་བ་མངོན་སུམ་གྱིས་གྲུབ་པ་དང་། ཡང་རྗེ་ཀུན་མཁྱེན་ཉིད་གདན་ས་ཆེན་པོའི་དུས་མདོས་དང་སྟབས་གཅིག་པར་གདན་སར་ཕེབས་སྐབས། ཉེར་དགུའི་ཉིན་གདན་ས་པ་དཔོན་སློབ་རྣམས་ཀྱིས་ཚོགས་ཆེན་མོར་རོལ་མོ་བཅམ་སྟེ། ཤ་ས་ནའི་སྔགས་དབྱངས་དང་། ལས་མཁན་གྱི་བསྟོད་བསྐུལ་གྱི་དབྱངས་རྣམས་མཛད་སྐབས། ཀུན་མཁྱེན་ཆེན་པོ་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་ན་བཞུགས་ཡོད་པའི་ཐུགས་དགོངས་ལ། དབྱངས་དང་རོལ་མོ་རང་ལ་དགོས་པ་ཆེར་མེད་དམ། དེ་བས་ངེད་རང་ཡེ་ཤེས་དངོས་དང་ཁྱད་པར་མེད་པའི་བསེ་མགོན་འདི་ཉིད་ཀྱི་དྲུང་དུ་བཟླས་པ་བྱས་པ་འཐད་དགོངས་ནས། དེ་བཞིན་མཛད་ཅིང་བཞུགས་པས། དར་ཙམ་ཞིག་ནས་ཡེ་ཤེས་ཀྱི་མགོན་པོ་