R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥ན
[A:༢༥ན] ཡང་འདོན་དགོས་རྒྱུར་འདུག ཅེས་ཀྱང་གསུངས་པར་གྲགས་ཤིང་། ཡོངས་འཛིན་དཀོན་མཆོག་འཕེལ་བ་ཡང་ཞིང་གཞན་དུ་གཤེགས་དུས་གློ་བོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཉིད་ཤིན་ཏུ་དབེན་པའི་ཐུགས་དམ་ལ་བཞུགས་པའི་གཟིགས་སྣང་ལ། བདེ་བ་ཅན་ནས་འོངས་ཟེར་བའི་ལྷའི་བུ་མང་པོ་མཆོད་རྫས་དུ་མ་ཁྱེར་ནས། ངེད་རྣམས་ཨེ་ཝྃ་ཆོས་ལྡན་གྱི་གདན་ས་པ་སྤྱན་འདྲེན་ལ་འགྲོ་བ་ཡིན་ཟེར་བ་དང་། ལྷག་པར་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམ་འཕྲུལ་རྨད་དུ་བྱུང་བའི་སྒོ་ནས། ངེད་ཀྱིས་ཆོས་རྗེ་ངོར་པ་བདེ་བ་ཅན་དུ་སྐྱེལ་དུ་ཕྱིན་པ་ཡིན། གཏོར་མ་བླངས་ཞེས་པའི་ཚུལ་གསལ་བར་བྱུང་བའི་གཏན་ཚིགས་དང་བཅས་པ་རྒྱུན་གྱི་ཞབས་འབྲིང་པ་དག་ལ་བཀའ་སྩོལ་བར་མཛད་ཅིང་། དོན་དེ་ལ་དགོངས་ནས་རྗེ་མཁན་ཆེན་ཉིད་ཀྱི་གསུང་ལས། མཛད་པ་རྒྱ་མཚོའི་མཐར་ཡང་དཔའ་བོ་དང་། །མཁའ་འགྲོ་བྱེ་བའི་ཞབས་འབྲིང་དང་བཅས་ཏེ། །བདེ་བ་ཅན་གྱི་ཞིང་