R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]པར་སྣང་བས། ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དུ་འདུག་གོ །ཡང་སྐབས་ཤིག་གི་ཚེ་བཞི་ཐོག་གི་བླ་བྲང་དམར་མོའི་བླ་མ་མཁས་བཙུན་ཆེན་པོའི་ཐུགས་དམ་འཆམ་སྐུའི་དྲུང་དུ་མགོན་པོ་ལྷ་བརྒྱད་ཀྱི་རྟག་གཏོར་ལ་བརྟེན་པའི་བསྙེན་པ་མཛད་པའི་ཚེ། མགོན་པོ་མངོན་སུམ་དུ་ཞལ་གཟིགས་པའི་ཕྱག་དཔུང་གཡོན་གྱི་སྟེང་དུ་མེ་འབར་བ་དང་། གཡས་པའི་གྲི་གུག་གི་ཕྱོགས་བཞིའི་རྭ་མེད་པར་དབུས་མ་ལ་མེ་འབར་མ་གཅིག་གཟིགས་སྣང་ལ་བྱུང་བས། རིན་ཆེན་སྒང་པ་ལ་བརྟེན་པའི་གདུང་བརྒྱུད་ངེད་རང་སྐུ་མཆེད་གཉིས་ཀ་ཡིན་པ་འདྲ་གསུངས་པའང་བུ་སློབ་གྲྭ་པ་ཀུན་ལ་གསུང་རྒྱུན་ཐོར་བུར་བྱོན། དེ་ཕྱིན་ཆད་དུས་དང་རྣམ་པ་ཐམས་ཅད་དུ་འབྲལ་མེད་དུ་ཞལ་གཟིགས་པར་འདུག དེ་དུས་ཀྱི་མགོན་པོ་ཆེ་བའི་ཞལ་གཟིགས་ངོ་བོ་བཀོད་པའི་སྐུ་དངོས་དང་ཁྱད་པར་མེད་པའི་བྲིས་སྐུ་ཁྱད་པར་ཅན་དེ། དིང་སང་རྒྱལ་མཁར་རྩེ་ན་བཞུགས་པར་སྣང་། དེ་བཞིན་དུ་དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་