R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]ལུས་དཀྱིལ་གྱི་ལྷ་གཟིགས་ཚུལ་ནི། དུས་ལན་ཅིག་གི་ཚེ་ཁ་འུའི་ཆུ་ཚན་ནང་དུ་ཐུགས་དམ་ལ་མཉམ་པར་བཞག་པའི་དུས་སུ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལག་མཐིལ་གྱི་རི་མོ་ལྟར་མངོན་སུམ་དུ་གཟིགས་ཤིང་། དེ་ཡང་གསང་གནས་ཀྱི་ལྷ་ཚོགས་ཅུང་ཟད་མི་གསལ་ཞིང་། སྙིང་ཁའི་ཐུགས་རྡོ་རྗེ་ལྷ་ཚོགས་ཆེད་དུ་གསལ་ཞིང་འོད་ཟེར་མཐའ་ཡས་པ་ཞིག་འཕྲོ་བ་གཅིག་འདུག་པས་ངེད་རང་ལ་འཕྲིན་ལས་ཀྱི་རྒྱུད་འཛིན་ཧ་ཅང་མི་མང་ཞིང་། གང་ཡོད་ངེས་དོན་ལ་བློ་ཁ་ཕྱོགས་པ་ཞིག་ཡོང་བར་འདུག་ཅེས་རྗེ་བཙུན་རྡོ་རིང་པ་ཆེན་པོ་ལ་དངོས་སུ་གསུངས་པར་སྣང་ངོ་། །འདི་ལྟ་བུ་ནི་རྣལ་འབྱོར་དབང་ཕྱུག་གི་ཐུན་མོང་མ་ཡིན་པའི་མན་ངག་ལས། ནང་མ་མཐོང་བར་ཕྱི་མ་མི་ཐོང་། །ཞེས་གསུངས་པའི་དོན། ལུས་རྩའི་དཀྱིལ་འཁོར་ལྷག་པའི་ལྷར་མཐོང་བ། ཟག་མེད་ས་དང་པོའི་བདེན་པ་མངོན་དུ་མཛད་པའི་ལྟས་ཐུན་མོང་མ་ཡིན་