R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧ན
[A:༧ན]འདིའང་སྔ་མོ་ནས་སྐབས་སྐབས་སུ་ཞལ་སྟོན་པ་གཅིག་འདུག་གསུངས་པ་ཕྱག་ཕྱི་མ་ངོས་མ་འགའ་ལ་ཕེབས་པ་དང་། ཁྱད་པར་ཨ་གྲོའི་དགོན་དོན་གྲུབ་གླིང་དུ་བཞུགས་པའི་ཚེ་མངོན་སུམ་དུ་ཞལ་བསྟན་ནས་འཁོར་གྱི་ཚུལ་བཟུང་བའི་དམ་ཉམས་གཅིག་འདུག་པ་འདི་ངས་སྒྲོལ་བ་ཡིན། ང་ལའང་བསྐང་གསོ་གཅིག་རྩོམས་གསུངས་པ་ལ་བརྟེན་ནས་ལྷ་མོའི་བསྐང་གསོ་ཁྱད་པར་ཅན་འདི་ཐུགས་རྩོམ་ཡང་གནང་བ་ཡིན། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པའི་སྐུ་དངོས་ཀྱང་ཞལ་གཟིགས་ནས། མགོན་པོ་འདི་དར་ནག་པོའི་ཕོད་ཀ་བཞེས་པ་ཞིག་ཡོད་ཅེས་ཡང་ཡང་གསུངས་པ་དང་། ལན་ཅིག་སྐྱེད་ལྷས་མགོན་ཁང་དུ་མགོན་པོ་འདི་ཉིད་བྲམ་ཟེ་དཀར་པོའི་རྣམ་པ་དང་དཀར་པོས་གོས་བྱས། ཕྱག་གཡས་ན་རྩེ་གསུམ་དང་སྙིང་འཛིན་པ། གཡོན་ན་ཐོད་ཁྲག་འཛིན་པ། ཡུམ་བཞི་དང་བཅས་པ་མངོན་སུམ་དུ་