R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠བ
[A:༢༠བ]ཡིད་དུ་འོང་བ་ཞིག་བྱུང་། དེ་ལ་ལྷ་རྣམས་ཀྱིས་ཨུ་མ་དེ་ཝ་ཞེས་བྱ་བར་མཚན་གསོལ། དོན་ལ་སྲུང་མ་སྤྱིའི་ཡུམ་དུ་གྱུར་པ་སྔགས་སྲུང་དྲག་མོ་ཨེ་ཀ་ཛ་ཊི་ཉིད་ཡིན་ནོ། །དེ་ཉིད་ལྷ་ཀུན་གྱིས་ཆུང་མར་འདོད་པ་ལས། ཕྱག་ན་རྡོ་རྗེའི་སྤྲུལ་པས་ནམ་མཁའ་ལས་ཚིག་བཅད་འདི་སྐད་གྲག་གོ །ལྷ་ཡི་རྒྱལ་སྲིད་མཐོ་ཞིང་བརྟན་པ་དང་། །རིགས་དྲུག་སེམས་ཅན་བདེ་ལ་འགོད་པ་དང་། །ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། །དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། །ཞེས་གྲག་གོ །དུས་དེ་ཙ་ན་རི་རབ་ཀྱི་ཟོམ། ཛམྦུ་གླིང་གི་ནུབ་བྱང་མཚམས་ཡཀྵ་ཀ་མ་ལ་འབར་བའི་དུར་ཁྲོད་ན། ལྷ་མཧཱ་དེ་ཝ་དགེ་སློང་གི་ཆ་ལུགས་སུ་འགོག་པའི་བརྟུལ་ཞུགས་དྲག་པོ་ལ་བཞུགས་པའི་དུས་སུ་ཨུ་མ་དེ་ཝ་ཁྲིད་ནས་བཙུན་མོར་ཕུལ་བས། ཞག་བདུན་ཕྲག་བདུན་གྱི་བར་དུ་ལུས་ཀྱི་དྲོད་ལ་བཅར་ཞིང་འཁྲིག་པ་སྤྱད་པའི་སྦྱོར་