R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༣ན
[A:༡༩༣ན]བ་དང་། གནམ་ཁ་འུབ་ཀྱིས་རྡོ་རྗེའི་ཆར་པ་བབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། ཧོར་རྒྱལ་པོ་ལ་ཐུགས་རྟོག་ཆེར་བྱུང་ནས། སྨན་རྩེ་ནས་བདག་ཉིད་ཆེན་པོ་མྱུར་དུ་སྤྱན་དྲངས་ཏེ། ས་སྐྱའི་གདན་ས་གཏད་ཅིང་། གདུང་བརྒྱུད་སྤེལ་བའི་ལུང་བུད་པ་སོགས་བྱུང་བ་ཡིན་པས། དམ་པ་འདི་རང་རེ་ས་སྐྱ་པ་ལ་བཀའ་དྲིན་མཆོག་ཏུ་ཆེ་བ་ཡིན་ལ། རྗེ་འདི་ཁམས་ཕྱོགས་ཀྱི་ཁྲོམ་ཆེན་པོའི་གསེབ་ནས་ཡོད་པ་ཞིག་ལ། ཆོས་རྗེ་ཁུ་དབོན་གཉིས་ཀས་གུར་མགོན་དངོས་སུ་གཟིགས་པས་ཆོས་སྐྱོང་གི་སྤྲུལ་པར་ཡང་གྲགས། བླ་མ་འདིས་མདོ་ཁམས་ཀྱི་ཏྲེ་མཎྜལ་ཐང་ཞེས་བྱ་བ་ཆོས་རྒྱལ་འཕགས་པའི་དབོན་པོ་དྷརྨཱ་ཕ་ལ་གཤེགས་པའི་གནས་དང་ཐག་ཉེ་བའི་སར། ཧོར་གྱི་རྒྱལ་པོ་སེ་ཆེན་གོ་པེ་ལས་སྦྱིན་བདག་མཛད་ནས། རྒྱའི་བཟོ་བོ་ཤིན་ཏུ་མཁས་པ་དག་གིས་བཞེངས་པའི་གུར་མགོན་ལྷ་བརྒྱད་ཀྱི་སྐུ་ལ། བླ་ཆེན་འཕགས་པ་སྤྱན་དྲངས་ཏེ་རྗེ་རང་ཉིད་དང་བཅས་པས་ཕྱག་ནས་