R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༢བ
[A:༡༩༢བ]ཀྱི་རྒྱལ་པོ་འཕགས་པ་ཉིད་ལ་བཀའ་སྲུང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པའི་རྟགས་མཚན་རྒྱུན་མ་ཆད་པར་བསྟན་པའི་ངོ་མཚར་བའི་རྣམ་ཐར་དུ་སྣང་ངོ་། །བླ་མ་ཆེན་པོ་འདིའི་ཆོས་སྐྱོང་གི་མན་ངག་ཡོངས་སུ་རྫོགས་པའི་སློབ་མ་ནི། མགོན་པོའི་བཀའ་བབ་དམ་པ་ཀུན་དགའ་གྲགས་ཉིད་དེ། སྐྱེས་ཆེན་འདི་ནི་ཆོས་སྐྱོང་ལ་མངའ་ཤིན་ཏུ་བརྙེས་པས། ས་སྐྱ་པའི་གདུང་བརྒྱུད་དྷརྨ་ཕ་ལ་གཞོན་ནུ་ལ་གཤེགས་ཤིང་། བདག་ཉིད་ཆེན་པོ་བཟང་པོ་དཔལ་སྨན་རྩེའི་ཡུལ་ནས་འབྱོན་མ་བདེ་བས། ས་སྐྱའི་གདན་ས་ཤར་བ་རིན་རྒྱལ་བ་ལ་འཆོལ་དགོས་པ་བྱུང་དུས། བསྟན་འཛིན་ཐམས་ཅད་ཀྱི་ཐུགས་ལ་མ་རན་ནས། དེ་དུས་དམ་པ་ཀུན་དགའ་གྲགས་འདིས་ས་སྐྱ་གདུང་བརྒྱུད་རང་གིས་འཛིན་ཞིང་། གདུང་བརྒྱུད་རྒྱུན་མི་ཆད་པའི་འཕྲིན་འཆོལ་ཆོས་སྐྱོང་རྣམས་ལ་དྲག་ཏུ་མཛད་པས། དེའི་ནུས་པ་ལ་བརྟེན་ནས་ཧོར་རྒྱལ་པོའི་ཕོ་བྲང་གི་སྟེང་དུ་ལྕགས་ཀྱི་བྱ་རོག་ཆེན་པོ་རི་བོ་ཙམ་བབ་སྟེ། དེའི་སྤུ་འགུལ་བ་ཙམ་གྱིས་ས་ཕྱོགས་ཐམས་ཅད་གཡོ་